སི་ཁྲོན་ཞིང་ཆེན་གྱི2024ལོའི་དུས་ཚིགས་བཞི་པའི་རྣམ་གྲངས་གལ་ཆེན་གྱི་ཡུལ་དངོས་སྐུལ་འདེད་བྱེད་སྒོ་འཚོགས་པ།

2024-10-10
349

སི་ཁྲོན་ཞིང་ཆེན་གྱི2024ལོའི་དུས་ཚིགས་བཞི་པའི་རྣམ་གྲངས་གལ་ཆེན་ཡུལ་དངོས་སྐུལ་འདེད་གཏོང་བའི་བྱེད་སྒོ་སྤེལ་ཡུལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས8ཉིན་སི་ཁྲོན་ཞིང་ཆེན་གྱི2024ལོའི་དུས་ཚིགས་བཞི་པའི་རྣམ་གྲངས་གལ་ཆེན་གྱི་ཡུལ་དངོས་སྐུལ་འདེད་བྱེད་སྒོ་འཚོགས་པ་དང་། ཁྱོན་རྣམ་གྲངས1823ལ་སྐུལ་འདེད་བཏང་བར་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར7855ཟིན་ཡོད།

བྱེད་སྒོ་སྤེལ་ཡུལ་དུ། སྐུལ་འདེད་གཏོང་བའི་རྣམ་གྲངས་དེ་རིགས་ཆེ་གྲས་གསུམ་ལ་དབྱེ་ཡོད་པའི་ནང་རྨང་གཞིའི་སྒྲིག་བཀོད་ཀྱི་རྣམ་གྲངས་དང་། གསར་གཏོད་དང་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་གྲངས། དམངས་འཚོའི་སྤྱི་ཚོགས་བྱ་གཞག་དང་རྣམ་གྲངས་གཞན་དག་བཅས་ཚུད་ཡོད།

རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་བསྡོམས་པས601དང་སྤྱིའི་མ་དངུལ་སྒོར་དུང་ཕྱུར3645བཏང་བ་དེས་བསྡུར་ཚད་ཀྱི46.4%ཟིན་པ་དང་། དེའི་ནངG0611གི་ཀྲུའུ་སི་ནས་ཝུན་ཁྲོན་བར་གྱི་མྱུར་བགྲོད་གཞུང་ལམ་དང་། ཏ་ཆིང་སྣུམ་ཞིང་སི་ཁྲོན་ཝུའུ་ཧྲེང་རང་བྱུང་སོལ་རླངས་གཙང་འགྱུར་བཟོ་གྲྭ་དང་ཕྱི་ཕྱོགས་སྐྱེལ་འདྲེན་མ་ལག་འཛུགས་སྐྲུན་སོགས་ཀྱི་རྣམ་གྲངས་ཚུད་ཡོད།

གསར་གཏོད་དང་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་གྲངས་བསྡོམས་པས727ཡོད་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར2875བཏང་བ་དེས་བསྡུར་ཚད་ཀྱི36.6%ཟིན་པ་དང་། དེའི་ནང་ཏ་ཀྲོའུ་ཡི་གློག་འདྲེན་ཚད་བརྒལ་རྒྱུ་ཆ་གསར་པའི་ཐོན་ལས་གླིང་དང་མེན་དབྱང་མཐོ་ཞིབ་པར་འདེབས་གློག་ལམ་སོགས་ཀྱི་རྣམ་གྲངས་ཚུད་ཡོད།

གཞན་ཡང་། ཡུལ་དངོས་སྐུལ་འདེད་ཀྱི་དམངས་འཚོའི་སྤྱི་ཚོགས་བྱ་གཞག་དང་དེ་བཞིན་རྣམ་གྲངས་གཞན་དག495དང་ཁྱོན་མ་དངུལ་སྒོར་དུང་ཕྱུར1335བཏང་བ་དེས་བསྡུར་ཚད་ཀྱི17%ཟིན་པ་དང་། ཁྲེང་ཏུའུ་གསོ་རིག་སློབ་གླིང་དང་པོའི་ཞོར་གཏོགས་སྨན་ཁང་གསར་པ་དང་པོའི་དུས་ཐེངས་དང་པོ་དང་། སི་ཁྲོན་རིག་གནས་སྒྱུ་རྩལ་སློབ་གླིང་ཁྲེང་ཏུའུ་སློབ་ཁུལ་སོགས་ཀྱི་རྣམ་གྲངས་ཚུད་ཡོད།

སི་ཁྲོན་ཞིང་ཆེན་གྱི2024ལོའི་དུས་ཚིགས་བཞི་པའི་རྣམ་གྲངས་གལ་ཆེན་ཡུལ་དངོས་སྐུལ་འདེད་གཏོང་བའི་བྱེད་སྒོ་སྤེལ་ཡུལ།

མ་འཇོག་གི་གཞི་ཁྱོན་ནས་བལྟས་ན། ད་ཐེངས་ཀྱི་སྐུལ་འདེད་བྱེད་སྒོའི་ནང་ཞུགས་པར་སྒོར་དུང་ཕྱུར10ཡན་གྱི་རྣམ་གྲངས159ཡོད་པ་དང་། དེར་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར5046ཟིན་པ་དང་། སྒོར་དུང་ཕྱུར50ཡན་གྱི་རྣམ་གྲངས16ཡོད་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར2539བཏང་ཞིང་། སྒོར་དུང་ཕྱུར100ཡན་གྱི་རྣམ་གྲངས11ཡོད་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར2212བཏང་ཡོད།

དངུལ་གཏོང་གཙོ་གཞིའི་ཐད། དམངས་ཁྲོད་ཀྱི་མ་དངུལ་རྣམ་གྲངས554ཡོད་པར་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར2561བཏང་བ་དེས་བསྡུར་ཚད་ཀྱི32.6%ཟིན་པ་དང་། དེའི་ནང་ཐེན་མཱའི་འཁོར་རྟེན་ཆེ་གྲས་ཀྱི་སྤུས་ཚད་མཐོ་བའི་རིག་ནུས་བཟོ་སྐྲུན་རྟེན་གཞི་དང་ཏེ་ལན་མཁའ་འགྲུལ་ཐོན་ལས་གླིང་གི་དུས་ཐེངས་གཉིས་པའི་འཛུགས་སྐྲུན་སོགས་ཀྱི་རྣམ་གྲངས་ཚུད་ཡོད།

སི་ཁྲོན་ཞིང་ཆེན་གྱི2024ལོའི་དུས་ཚིགས་བཞི་པའི་རྣམ་གྲངས་གལ་ཆེན་ཡུལ་དངོས་སྐུལ་འདེད་གཏོང་བའི་བྱེད་སྒོ་སྤེལ་ཡུལ།

སྐུལ་འདེད་བྱེད་སྒོར“ཡུལ་དངོས+བརྙན་ལམ་འབྲེལ་མཐུད”ཀྱི་རྣམ་པའི་ཐོག་ནས་སྤེལ་བ་དང་། བྱེད་སྒོའི་ཚོགས་ར་གཙོ་བོ་དེ་ཁྲེང་ཏུའུ་ཆིང་པའེ་ཅང་ཆུས་སུ་གནས་པའི་ཐེན་མཱའི་འཁོར་རྟེན་ཆེ་གྲས་ཀྱི་སྤུས་ཚད་མཐོ་བའི་རིག་ནུས་བཟོ་སྐྲུན་རྟེན་གཞིའི་རྣམ་གྲངས་སྤེལ་ཡུལ་དུ་བཀོད་སྒྲིག་བྱས་ཤིང་། གྲོང་ཁྱེར(ཁུལ)གཞན་དག་གིས་དུས་མཚུངས་སུ་འབྲེལ་ཡོད་བྱེད་སྒོ་སྤེལ་བ་རེད། ཏེ་དབྱང་དང་ཀོང་ཨན། ཏ་ཀྲོའུ། རྔ་བ་བཅས་གྲོང་ཁྱེར(ཁུལ)4ཡན་ལག་ཚོགས་རར་བྱས་ནས་ཚོགས་ར་གཙོ་བོར་བརྙན་ལམ་སྦྲེལ་མཐུད་བྱས། 

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  
  • 顶