2024ལོའི་འཛམ་གླིང་གཞོན་ནུའི་འཕེལ་རྒྱས་གླེང་སྟེགས་པེ་ཅིན་དུ་མགོ་བརྩམས་པ།

2024-08-15
439

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།“གཞོན་ནུ་ཚོས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཐུན་མོང་ཐོག་བསྐྲུན་པ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི2024ལོའི་འཛམ་གླིང་གཞོན་ནུའི་འཕེལ་རྒྱས་གླེང་སྟེགས་ཚེས12ཉིན་པེ་ཅིན་དུ་མགོ་བརྩམས་པ་རེད། རྒྱལ་ཁབ130ལྷག་དང་རྒྱལ་སྤྱིའི་རྩ་འཛུགས20ལྷག་ནས་ཡོང་བའི་གཞོན་ནུའི་འཐུས་མི2000ལྷག་དྲ་ཐོག་དང་ཡུལ་དངོས་ནས་ཚོགས་འདུར་ཞུགས་ཡོད། ད་ཐེངས་ཀྱི་གླེང་སྟེགས་ནི་ཀྲུང་ཧྭ་རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་དང་། ཀྲུང་གོར་བཅའ་སྡོད་བྱེད་པའི་མཉམ་འབྲེལ་རྒྱལ་ཚོགས་ཁོངས་གཏོགས་འཛམ་གླིང་གཞོན་ནུ་འཕེལ་རྒྱས་གླེང་སྟེགས་སྒྲིག་འཛུགས་ཨུ་ལྷན་བཅས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་པ་ཡིན། གླེང་སྟེགས་དེ2022ལོར་གཉེར་བ་ནས་བཟུང་། འཛམ་གླིང་གཞོན་ནུ་ཚོས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་རོགས་རམ་བྱ་རྒྱུའི་འབོད་སྐུལ་བྱེད་པ་དང་། གོ་ལ་ཧྲིལ་པོས་གཞོན་ནུའི་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུ་དར་སྤེལ་བཏང་སྟེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་བྱ་ཆེད་སྟོབས་ཤུགས་གཅིག་སྡུད་བྱ་ཆེད་ཡིན་།

མགོ་རྩོམ་མཛད་སྒོའི་ཐོག ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་ཀྲུང་ནན་ཧྲན་དང་འཛམ་གླིང་གཞོན་ནུའི་ཚོགས་ཆེན་གྱི་དྲུང་ཡིག་ཆེན་མོ་ཨའེ་ཏི་ཨོའུ་ལ·ཕ་ཧྲི་ལ་ལི་སོགས་སྐུ་མགྲོན་གྱིས་གཏམ་བཤད་གནང་ནས། ལང་ཚོའི་གཏམ་རྒྱུད་ཤོད་པ་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ལ་བསམ་བློ་བཏང་། ཚང་འཛོམས་ཚོགས་འདུའི་ཐོག རྒྱལ་ཁབ་ཁག་གི་གཞོན་ནུའི་པུའུ་ཀྲང10ལྷག་གིས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་གཞོན་ནུའི་འཕེལ་རྒྱས་ལ་ནུས་པ་འདོན་རྒྱུར་དམིགས་ནས་ལྟ་བ་དང་ཉམས་མྱོང་མཉམ་སྤྱོད་གནང་བ།

གཞོན་ནུའི་གཏམ་བཤད་གོ་རིམ་ནང་། གོ་ལ་ཧྲིལ་པོའི་གཞོན་ནུའི་འཕེལ་རྒྱས་བྱ་སྤྱོད་འཆར་གཞིའི་དཔེ་མཚོན་རྣམ་གྲངས9ཡི་འགན་འཁུར་བས་གཞོན་ནུའི་འཕེལ་རྒྱས་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལག་ལེན་གྱི་གྲུབ་འབྲས་དང་འབྱུང་འགྱུར་གྱི་འཆར་གཞི་མཉམ་སྤྱོད་བྱས་པ་རེད། རྒྱལ་ཁབ8ནས་ཡོང་བའི་གཞོན་ནུའི་འཐུས་མིས《འབྱུང་འགྱུར་རྩེ་ཚོགས་སྐོར་གྱི་རྒྱལ་སྤྱིའི་གཞོན་ནུའི་གྲོས་གཞི》སྤེལ་ནས། འཚོག་ཉེར་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྱུང་འགྱུར་རྩེ་ཚོགས་ལ་གཞོན་ནུའི་གྲོས་གཞི་བཏོན་པ་དང་། ཐུན་མོང་ཐོག་གོ་ལ་ཧྲིལ་པོའི་འགྲན་སློང་ལ་ཁ་གཏད་འཇལ་བ་དང་ཐུན་མོང་ཐོག་མཛེས་སྡུག་ལྡན་པའི་འབྱུང་འགྱུར་འཛུགས་སྐྲུན་བྱེད་པའི་གཞོན་ནུའི་སྐད་སྒྲ་བཏོན།

གླེང་སྟེགས་ཐོག་གོ་ལ་ཧྲིལ་པོའི་གཞོན་ནུའི་འཕེལ་རྒྱས་བྱ་སྤྱོད་འཆར་གཞིའི་ཁག་གཉིས་པའི་དཔེ་མཚོན་རྣམ་གྲངས་བསྡུ་བའི་ལས་དོན་དང་ཆེད་དོན་ཐེབས་རྩ་སྤེལ་མགོ་ཚུགས་པ་དང་། “གཞོན་ནུའི་ལྗང་མདོག་རྩལ་ནུས་དང་ལས་གཏོད་ཞིབ་འཇུག་ཟབ་སྦྱོང་སྤེལ་རེས་འཆར་གཞི”ཁྱབ་བསྒྲགས་བྱས།

ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་གོ་དང་ཕྱི་རྒྱལ་གྱི་གཞོན་ནུའི་འཐུས་མི་པེ་ཅིན་དུ་སྡོད་རིང“འབྱུང་འགྱུར་རྩེ་ཚོགས”ཀྱི་གཞོན་ནུའི་སྒོར་ཅོག་ཚོགས་འདུ་དང་། ཨོ་རྩལ་འགྲན་ཚོགས་ཀྱི་ལང་ཚོའི་ཚོགས་འདུ། གོ་ལ་ཧྲིལ་པོའི་དཔལ་ཡོན་གྲོས་གཞིའི་རྒྱལ་སྤྱིའི་གཞོན་ནུའི་སློབ་ཁང་སོགས་ཀྱི་བྱེད་སྒོར་ཞུགས། རྒྱལ་ཁབ་ཁག་གི་གཞོན་ནུའི་འཐུས་མི་ད་དུང་ཚོགས་ཆུང་ཁག་བགོས་ནས་ནན་ཉིང་དང་། ཧང་ཀྲོའུ། ཁྲུང་ཆིང་། ཁྲང་ཧྲ་སོགས་གྲོང་ཁྱེར་དུ་བསྐྱོད་དེ་བརྗོད་དོན་གཙོ་བོའི་གླེང་སྟེགས་དང་། ཆེད་དོན་རྟོག་ཞིབ། རིག་གནས་ཉམས་ལེན་སོགས་ཀྱི་བྱེད་སྒོར་ཞུགས་རྒྱུ་རེད། 

  • 顶