ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས16ཉིན། 2023ལོའི་རྒྱལ་ཁབ་དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་དེ་གྲོང་གསེབ་དར་སྤེལ་དང་ཕན་ནུས་ལྡན་པའི་སྦྲེལ་མཐུད་བྱེད་པའི་ཞིང་ཆེན་རིམ་པའི་སྦྲེལ་མཐུད་ཚོགས་འདུ་ཟི་ལིང་དུ་བསྡུས། རྒྱལ་ཁབ་དཔྱད་ཞིབ་དཔྱད་འཇོག་ཕྱོགས་བསྡུས་ཞིབ་བཤེར་ཚན་ཆུང་གི་ཚན་གཙོ། སློབ་གསོ་པུའུ་ཡི་ཏང་ཙུའུ་ཁོངས་མི། པུའུ་ཀྲང་གཞོན་པ་སུན་ཡའོ་ཡིས་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་གྱིས་ཚོགས་འདུར་མགོ་འཛིན་བྱས་པ་མ་ཟད་གཏམ་བཤད། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། ཧྲིན་ཀྲང་གཞོན་པ་ཚེ་རིང་ཐར་གྱིས་རང་ཞིང་གི་བྱ་བའི་གནས་ཚུལ་མཚམས་སྦྱོར་བྱས།
སུན་ཡའོ་ཡིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་དེ་གྲོང་གསེབ་དར་སྤེལ་དང་ཕན་ནུས་ལྡན་པའི་སྦྲེལ་མཐུད་བྱ་བར་མཐོང་ཆེན་བྱས་པ་དང་། ཐེངས་མང་པོར་གསུང་བཤད་དང་། མཆན་བཀོད་མཛུབ་སྟོན་གལ་ཆེན་བཏོན་ནས། དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་ཟབ་སྤེལ་ཐད་ཁ་ཕྱོགས་བསྟན་ནས། དཔྱད་ཞིབ་བྱ་བར་རྩ་བའི་བརྩི་སྲུང་མཁོ་འདོན་བྱས། རེ་བར་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་སྲིད་གཞུང་གིས་དཔྱད་ཞིབ་བྱ་བའི་དོན་སྙིང་གལ་ཆེན་ལ་ངེས་ཤེས་ལེགས་པོ་ཡོད་པར་བྱས་ནས། ལས་འགན་འདུ་ཤེས་མཐོར་འདེགས་དང་། དངོས་ཐོག་བདེན་འཚོལ་གྱི་གནས་ཚུལ་མངོན་ནས། ཁྱོན་ཡོངས་སྤྱི་ཁོག་ནས་བྱ་བའི་ཕན་འབྲས་མངོན་པ། སེམས་ཤུགས་གཅིག་སྒྲིལ་གྱིས་དཔྱད་ཞིབ་བྱ་བ་ལེགས་པོར་སྒྲུབ་པར་བྱས་ཏེ། སྤུས་ཚད་མཐོ་བའི་སྒོ་ནས་དཔྱད་ཞིབ་བྱ་བའི་ལས་འགན་སོ་སོ་ལེགས་འགྲུབ་ཡོང་བར་ཁག་ཐེག་བྱེད་དགོས། ཞིབ་བཤེར་ཚན་ཆུང་གིས་དཔྱད་ཞིབ་བྱ་བའི་བྱེད་ཐབས་གཟབ་ནན་སྒོས་ལག་བསྟར་དང་། བྱེད་ཐབས་བླང་བྱ་ལག་བསྟར། སྤྱི་ཁོག་དྲང་བདེན། གཟབ་ནན་སྒོས་དཔྱད་ཞིབ་བྱས་ནས། དོན་དངོས་གནས་ཚུལ་དང་། མི་འདང་བའི་གནད་དོན་བཙལ དཔྱད་ཞིབ་ཀྱི་བདེན་དངོས་རང་བཞིན་དང་སྤྱི་ཁོག་རང་བཞིན། ཡང་དག་རང་བཞིན་བཅས་ཁག་ཐེག་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཡིད་ཚིམ་པའི་ལན་ཞིག་སྤྲོད་པར་བྱེད་དགོས་ཞེས་བསྟན།
ལིའུ་ཆི་ཧྥན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་རྒྱུགས་ལེན་དཔྱད་ཞིབ་ཚན་ཆུང་འཁོར་དང་བཅས་པར་དགའ་བསུ་དང་བཀའ་དྲིན་ཆེ་ཞུས་པ་དང་། ས་ཁུལ་དང་སྡེ་ཁག་སོ་སོས་བྱ་བ་མཐུན་སྦྱོར་ཡོང་བར་བླང་བྱ་བཏོན། ཁོའི་ནན་གྱིས་བསྟན་དོན། གཟབ་ནན་སྒོས་དཔྱད་ཞིབ་ལ་གདོང་གཏོད་པ་དང་། རྒྱལ་ཁབ་ཀྱི་དཔྱད་ཞིབ་ཀྱི་ཆབ་སྲིད་རང་བཞིན་དང་གཟབ་ནན་རང་བཞིན་ལ་ངེས་ཤེས་ཡོད་པར་བྱས་ནས། རང་འགུལ་ངང་རྒྱལ་ཁབ་ཀྱི་དཔྱད་ཞིབ་བྱ་བ་དེ་ཆབ་སྲིད་ཀྱི་བརྡར་གཅོད་དང་། ཆབ་སྲིད་ཀྱི་གོ་རྟོག་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་ཤུགས་དང་ལེན་བྱེད་པའི་བྱེ་བྲག་གི་བྱེད་སྟངས་ཤིག་ཡིན་ལ། བྱ་བ་སོ་སོའི་ལས་འགན་ལེགས་འགྲུབ་ཡོང་བར་བྱེད་དགོས། རང་འགུལ་ངང་སྡེབ་སྒྲིག་དང་ཆེད་དོན་རྩ་འཛུགས་ལས་སྒྲུབ་གསར་དུ་བཙུགས་ཏེ། བསམ་བློའི་རང་འགུལ་དང་ཆབ་སྲིད་ཀྱི་རང་འགུལ། བྱེད་སྟངས་རང་འགུལ་བཅས་བྱས་ནས། སྟོབས་ཤུགས་ཡོད་རྒུས་དཔྱད་འཇོག་བྱ་བར་མཐུན་སྦྱོར་བྱེད་དགོས། གཟབ་ནན་སྒོས་ཀྲུང་དབྱང་གི་གཏན་འབབས་བརྒྱད་དང་ལག་བསྟར་དགོངས་དོན་བརྩི་སྲུང་བྱས་ཏེ། ཞབས་ཞུའི་འགན་སྲུང་བྱ་བ་ལེགས་པོར་སྒྲུབ་ནས། དཔྱད་ཞིབ་དཔྱད་འཇོག་བྱ་བ་བདེ་བླག་ངང་སྤེལ་བར་ཁག་ཐེག་བྱེད་དགོས་ཞེས་བསྟན།
ཚོགས་འདུའི་སྟེང་། ཅང་སུའུ་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་བློ་མཐུན་གྱིས2023ལོའི་དབུས་ནུབ་རྒྱུད་མཐུན་སྦྱོར་རོགས་སྐྱོར་བྱ་བའི་གནས་ཚུལ་མཚམས་སྦྱོར་བྱས།
རྒྱལ་ཁབ་དཔྱད་ཞིབ་ཕྱོགས་བསྡུས་ཞིབ་བཤེར་ཚན་ཆུང་གི་ཁོངས་མི། ཞིང་ཆེན་མགོ་ཁྲིད་ཀྲའོ་ཡིས་ཞ་དང་ཝང་ལིན་ཧུའུ། དབྱང་ཀྲི་ཝུན། ཧུ་ལུའུ་ཁྲུན། ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་ཏང་ཨུའི་ཞིང་སྡེའི་འབྲོག་ཁུལ་བྱ་བའི་མགོ་ཁྲིད་ཚན་ཆུང(ཞིང་ཆེན་གྲོང་གསེབ་དར་སྤེལ་མགོ་ཁྲིད་ཚན་ཆུང)གི་ཁོངས་མི་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན། ཅང་སུའུ་མཚོ་སྔོན་རོགས་སྐྱོར་ལས་སྒྲུབ་རུ་ཁག་གི་འགན་ཁུར་བློ་མཐུན་གཙོ་བོ། ཅང་སུའུ་ཞིང་ཆེན་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་ཚོགས་འདུར་ཞུགས། །
འཕྲིན་སྟེགས། weikangba