ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཚེས11ཉིན་བསྡུས་པའི2024ལོའི་རྒྱལ་ཡོངས་སློབ་གསོ་བྱ་བའི་ཚོགས་འདུའི་སྟེང་རྒྱུས་ལོན་པ་ལྟར་ན། སློབ་གསོ་པུའུ་ཡིས་ད་ལོར་ཕྱོགས7གྱི་ཐད་ནས་རྒྱལ་ཡོངས་སློབ་གསོ་བྱ་བའི་གཙོ་གནད་ལས་འགན་བཀོད་སྒྲིག་བྱས་ཡོད་པ་སྟེ། ཤུགས་ཆེན་པོས་ཀུན་སྤྱོད་ཀྱིས་མི་གཞི་སྐྱོང་བའི་རྩ་བའི་ལས་འགན་གྱི་སྐྱེ་ཁམས་གསར་བ་དང་གནས་བབ་གསར་བ་བསྐྲུན་པ་དང་། མཐོ་རིམ་སློབ་གསོའི་སྣེ་ཁྲིད་བྱེད་ནུས་ཇེ་དྲག་ཏུ་གཏོང་བ། སྔར་ལས་ལྷག་པར་རྨང་གཞི་སློབ་གསོའི་གཞི་རྩ་སྲ་བརྟན་དུ་གཏོང་བ། ལས་རིགས་སློབ་གསོའི་འཕྲོད་མཐུན་རང་བཞིན་དང་འགུག་ཤུགས་ཇེ་དྲག་ཏུ་གཏོང་བ། མུ་མཐུད་དུ་སློབ་གསོའི་གྲངས་ཀ་ཅན་གྱི་འགྲན་ལམ་གསར་བ་བཏོད་པ། བློ་བརྟན་འགྱུར་མེད་ངང་ཆུ་ཚད་མཐོ་བའི་སློབ་གསོའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ། སློབ་གསོ་པའི་སྙིང་སྟོབས་ཀྱིས་བྱང་ཚད་མཐོ་བའི་དགེ་རྒན་དཔུང་སྡེ་འཛུགས་སྐྲུན་སྣེ་ཁྲིད་པར་ཤུགས་སྣོན་པ་བཅས་ཡིན།
ཤུགས་ཆེན་པོས་ཀུན་སྤྱོད་ཀྱིས་མི་གཞི་སྐྱོང་བའི་གཞི་རྩའི་ལས་འགན་གྱི་སྐྱེ་ཁམས་གསར་བ་དང་གནས་བབ་གསར་བ་བསྐྲུན་པ་དངོས་འབེབས་བྱེད་པར། གྲོས་ཚོགས་ཀྱིས་ཀུན་སྤྱོད་ཀྱིས་མི་གཞི་སྐྱོང་བའི་བཟོ་འགོད་ལག་བསྟར་བྱས་ཏེ། ཕྱོགས་ཡོངས་ནས་བསླབ་གཞི་འཛུགས་སྐྲུན་དང་དོ་དམ་ལ་ཤུགས་བསྣན་ནས་ལུས་སེམས་བདེ་ཐང་དེ་འགག་བརྟོལ་ས་བྱས་ཏེ་གསོ་སྐྱོང་ལྔར་དམ་འཛིན་བྱེད་པ་དང་འབྲེལ་ནས། མཐོ་རིམ་མཐར་ཕྱིན་སློབ་མའི་སྤུས་ཚད་མཐོ་བའི་ལས་ཞུགས་ལ་སྐུལ་འདེད་གཏོང་དགོས་པར་བསྟན།
མཐོ་རིམ་སློབ་གསོའི་ཐད་ནས། གྲོས་ཚོགས་ཀྱིས་ཚན་རིག་སློབ་གསོ་མཉམ་འདྲེས་གཏིང་ཟབ་དུ་བཏང་སྟེ། མཐོ་རིམ་སློབ་གྲྭའི་རྨང་གཞི་ཞིབ་འཇུག་གཙོ་ཤུགས་དམག་གི་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་པ་དང་། ཚན་རྩལ་སྤོ་བསྒྱུར་དེ་འབྲེལ་ཐག་ཏུ་བྱས་ནས་ཕྲེང་སྦྲེལ་བཞི་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་སྐྱོང་སྲིད་གཉེར་ལ་ཞབས་ཞུ་བྱས་ཏེ་མཐོ་རིམ་སློབ་གྲྭའི་གཏན་ཚིགས་སྤྱི་ཚོགས་ཚན་རིག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པར་བསྟན།
རྨང་གཞི་སློབ་གསོའི་ཐད་ནས། གྲོས་ཚོགས་ཀྱིས་མི་གྲངས་འགྱུར་ལྡོག་གི་ཁ་ཕྱོགས་ལ་དམིགས་ཏེ་སྔོན་མཐོང་རང་བཞིན་གྱི་བཀོད་སྒྲིག་ལ་ཤུགས་སྣོན་དང་། རྨང་གཞི་སློབ་གསོའི་སྤུས་འདེགས་རྒྱ་བསྐྱེད་བཟོ་འགོད་གཏིང་ཟབ་དུ་བཏང་ནས། ཉུང་འཕྲི་གཉིས་ཀྱི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་དུ་གཏོང་དགོས་པའི་བཀོད་སྒྲིག་བྱས་ཡོད།
ལས་རིགས་སློབ་གསོའི་ཐད་ནས། གྲོས་ཚོགས་ཀྱིས་ཐོན་ལས་དང་ཟུང་སྦྲེལ་དང་ས་གནས་དང་སྲིད་གཞུང་གི་སྲིད་ཇུས་དང་ཟུང་སྦྲེལ། སྤྱི་ཚོགས་ཁྱབ་ཁོངས་སྒྲིག་གཞི་དང་ཟུང་སྦྲེལ། མི་སྒེར་གྱི་མི་ཚེའི་སློབ་སྦྱོང་དང་ཟུང་སྦྲེལ་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ཏེ། ཞིང་ཆེན་མངའ་ཁོངས་ཀྱི་དེང་རབས་ལས་རིགས་སློབ་གསོའི་མ་ལག་འཛུགས་སྐྲུན་བཅོས་སྒྱུར་ལ་བརྟན་རླིང་ངང་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་མངའ་ཁོངས་ཀྱི་ཐོན་སློབ་མཉམ་འབྲེལ་ཚོགས་པ་དང་ལས་རིགས་ཀྱི་ཐོན་སློབ་མཉམ་འདྲེས་ཐུན་མོང་ཚོགས་པ་འཛུགས་སྐྲུན་ལ་མགྱོགས་མྱུར་ངང་ཐོལ་བརྒལ་འབྱུང་བར་སྐུལ་འདེད་བཏང་སྟེ། མིའི་འཚར་ལོངས་གཙོ་གནད་དུ་བཟང་ནས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པ་གཞི་རྩའི་དོན་སྙིང་དུ་བརྩིས་ནས། སློབ་སྒྲུབ་སྤུས་ཚད་ཀྱི་ཆུ་ཚད་མཐོ་བ་དང་ཐོན་སློབ་མཉམ་ལས་ཀྱི་སྤུས་ཚད་མཐོ་བ་མངོན་འགྱུར་བྱེད་དགོས་པར་བསྟན། །