ཝུའུ་ཁི་ལན་གྱི་རྒྱལ་ས་ཅི་ཧྥུའུ་རུ་འཚམས་འདྲི་བྱེད་བཞིན་པའི་འཇར་མན་གྱི་རྒྱལ་སྲུང་བློན་ཆེན་ཕིས་སི་ཐའོ་ལི་ཝུའུ་སི་ཡིས་ཚེས11ཉིན་སྨྱན་བྱད་ལ་བསྟན་དོན། འཇར་མན་དང་ཝུའུ་ཁི་ལན་གྱིས་མཉམ་འབྲེལ་སྒོས་འཕུར་ཡུན་སྤྱི་ལེ1500བསླེབས་པའི་མི་མེད་གནམ་གྲུ་ཐོན་སྐྱེད་བྱེད་རྒྱུ་ཡིན་ཟེར།
ཕིས་སི་ཐའོ་ལི་ཝུའུ་སི་ཡིས་ཉིན་དེར་ཅི་ཧྥུའུ་ནས་བསྡུས་པའི་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། འཇར་མན་གྱིས་ཝུའུ་ཁི་ལན་བར་མཉམ་འབྲེལ་ཁེ་ལས་བསྒྲུབས་ཏེ། མཉམ་དུ་འཕུར་ཡུན་སྤྱི་ལེ100ཙམ་ནས་སྤྱི་ལེ1500བར་གྱི་མི་མེད་གནམ་གྲུ་སྣ་ཚོགས་ཞིབ་འཇུག་གསར་སྤེལ་བྱེད་རྒྱུའི་འཆར་གཞི་ཡོད་ཟེར།
ཝུའུ་ཁི་ལན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཕིས་སི་ཐའོ་ལི་ཝུའུ་སི་ཡིས་ཉིན་དེར་གློ་བུར་དུ་ཅི་ཧྥུའུ་རུ་འཚམས་འདྲི་བྱས་པར་མ་ཟད། ཝུའུ་ཁི་ལན་གྱི་རྒྱལ་སྲུང་བློན་ཆེན་ཧྥེ་ཨོ་ཏའོ་ལོ་ཧྥུའུ་དང་མཉམ་དུ་རྒྱལ་སྲུང་མཉམ་ལས་ཀྱི་རེ་འདོད་ཡི་གེ་བཀོད་ཡོད་ལ། ཕྱོགས་གཉིས་ཀྱིས་མཉམ་ལས་འཆར་གཞི་ལག་བསྟར་བྱས་ཏེ། མཉམ་འབྲེལ་སྒོས་རྒྱལ་སྲུང་ལག་རྩལ་གསར་སྤེལ་དང་གསར་གཏོད་རང་བཞིན་གྱི་གསར་གཏོད་ཁེ་ལས་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།
འཕྲིན་སྟེགས། weikangba