
ཟླ་11ཚེས་8ནས་10ཉིན་བར། 2024ལོའི་ཀོང་ཤིས་རྒྱལ་སྤྱིའི་ཞིང་ལས་དངོས་མང་སྟོན་ཚོགས་ནན་ཉིང་རྒྱལ་སྤྱིའི་ཚོགས་འགྲེམས་ལྟེ་གནས་སུ་གཉེར་བ་རེད། སྐབས་འདིའི་ཞིང་ལས་དངོས་མང་སྟོན་ཚོགས་ཀྱིས“མཉམ་འདྲེས་འཕེལ་རྒྱས་དང་། རེས་འཁོར་སྟབས་བདེ། ནུས་སྐྱེད་གསར་མ། གྲོང་གསེབ་དར་རྒྱས”བཅས་བརྗོད་དོན་གཙོ་བོར་བྱས་པ་དང་། འགྲེམས་ཁྱོན་སྨི་ངོས་གྲུ་ཁྲི་6.7ཙམ་དང་ཚད་ལྡན་འགྲེམས་གནས་2500ཙམ་ཡོད་པ་མ་ཟད། ད་དུང་ཞིང་ལས་འཕྲུལ་ཆས་ཅན་གྱི་ཆེད་དོན་འགྲེམས་ཁུལ་དང་སོན་ལས་ཀྱི་ཆེད་དོན་འགྲེམས་ཁུལ་སོགས་བྱེད་ནུས་འགྲེམས་ཁུལ་ཁག་11བཀོད་སྒྲིག་བྱས་ཡོད་པར་རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་2000ཙམ་ཞུགས་ཡོད་པ་རེད།
འཕྲིན་སྟེགས། weikangba