ས་གནས་དེ་གའི་དུས་ཚོད་ཚེས་གསུམ་ཉིན། དབུས་ཤར་གནས་ཚུལ་ཛ་དྲག་ཡིན་པས། ཨ་རི་དང་ཨི་རན་བར་གྱི་དམག་དོན་འགལ་ཟླ་ཡིས་མཚོ་ཁུག་རྒྱལ་ཁབ་མང་པོར་གནོད་པ་བཟོས་ནས། ཚོང་རར་སེམས་ཁྲལ་གྱི་གནས་ཚུལ་ཇེ་སྡུག་ཕྱིན་ཡོད། རྒྱལ་སྤྱིའི་སྣུམ་གོང་ཉིན་དེའི་ཡོ་རོབ་ཉོ་ཚོང་དུས་ཡུན་ལ་མངོན་གསལ་གྱིས་འཕར།
པེ་ཅིན་གྱི་དུས་ཚོད་ཟླ་༣པའི་ཚེས་༡༧ཉིན་གྱི་ཕྱི་དྲོའི་ཆུ་ཚོད་༥དང་སྐར་མ་༢༢བར། ཉིའུ་ཡུའེ་ཚོང་རྫས་ཉོ་ཚོང་ཁང་གིས་ཟླ་༧པའི་ཚོང་ཟོག་རྩིས་སྤྲོད་བྱས་པའི་སྟུག་ཚད་དམའ་བའི་མ་བཅོས་རྡོ་སྣུམ་གྱི་དུས་བཅད་ཚོང་ཟོག་རིན་གོང་ཟོམ་རེར་ཨ་སྒོར་༩༦.༣༡ལ་ཟིན་པ་དང་འཕར་ཚད་བརྒྱ་ཆའི་༢.༧ཡིན།
ཟླ་༨པར་རྩིས་སྤྲོད་བྱས་པའི་ལོན་ཏུན་པུའུ་ལུའུ་ཐི་མ་བཅོས་རྡོ་སྣུམ་གྱི་དུས་བཅད་ཚོང་ཟོག་རིན་གོང་ཟོམ་རེར་ཨ་སྒོར་༩༨.༥༦ཡིན་ལ་འཕར་ཚད་བརྒྱ་ཆའི་༢.༦༥ཡིན།
དབུས་ཤར་གདོང་གཏུག་གམ་ཧོ་ཨེར་མུའུ་ཙི་མཚོ་འགག་གི་འགྲོ་འོང་དུས་ཡུན་རིང་པོར་བཀག་སྡོམ་ཐེབས་པ་དང་། ནུས་ཁུངས་རིན་གོང་རྒྱུན་ཆད་མེད་པར་གོང་མཐོན་པོར་གནས་པས། དངུལ་ལོར་འགྲེམ་ཐལ་ཤོར་བའི་ཆུ་ཚད་ཇེ་མཐོར་འགྲོ་རྒྱུ་རེད། ཚོང་ར་ཡིས་ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་གསོག་འཇོག་མ་ལག་གིས་ལོ་གཅིག་ལ་སྐྱེད་ཀ་ཐེངས་རེ་ཁ་སྣོན་བྱ་རྒྱུའི་སྔོན་དཔོག་ཚད་བརྒྱ་ཆའི་༤༢ལ་འཕར། ལོ་བཅུ་རིང་གི་ཨ་རིའི་རྒྱལ་བུན་ཁེ་རག་ཚད་ཅུང་ཇེ་མཐོར་སོང་བས། ལྕགས་རིགས་རིན་གོང་མར་ཆག རྒྱལ་སྤྱིའི་གསེར་གོང་དང་དངུལ་གོང་དུས་མཉམ་དུ་ཇེ་དམའ་ལ་ཕྱིན།
པེ་ཅིན་གྱི་དུས་ཚོད་ཟླ་༣པའི་ཚེས་༡༧ཉིན་གྱི་ཕྱི་དྲོའི་ཆུ་ཚད་ལྔ་དང་སྐར་མ་ཉེར་གཉིས་ཐོག
ཟླ་༨པར་རྩིས་སྤྲོད་རྩིས་ལེན་བྱས་པའི་གསེར་གྱི་དུས་བཅད་ཚོང་ཟོག་རིན་གོང་ཨང་སི་རེར་ཨ་སྒོར་༤༤༧༧.༩༠ཡིན་པས། ཆག་ཚད་བརྒྱ་ཆའི༠.༩༣ཡིན།
ཟླ་བ་བདུན་པར་རྩིས་སྤྲོད་རྩིས་ལེན་བྱས་པའི་དངུལ་གྱི་དུས་བཅད་ཚོང་ཟོག་རིན་གོང་ཨང་སི་རེར་ཨ་སྒོར་༧༤.༥༧.༥༧༠ཡིན་པས། ཆག་ཚད་བརྒྱ་ཆའི་༡.༣༠ཡིན།
འཕྲིན་སྟེགས། weikangba