ཞི་ཅིན་ཕིང་གིས་རྒྱལ་སྐྱོང་སྲིད་འཛིན་སྐོར་གླེང་བ་ཞེས་པའི་དཔེ་ཆའི་ཀྲུང་གོ་དང་ཁེ་ཉི་ཡའི་ཀློག་པ་པོའི་འདུ་ཚོགས་ནེ་ལོ་པི་ནས་འཚོགས།

2025-12-03
396

   ཟླ་བ་བཅུ་གཉིས་པའི་ཚེས་གཅིག་ཉིན། ཞི་ཅིན་ཕིང་གིས་རྒྱལ་སྐྱོང་སྲིད་འཛིན་སྐོར་གླེང་བ་ཞེས་པའི་དཔེ་ཆའི་ཀྲུང་གོ་དང་ཁེ་ཉི་ཡའི་ཀློག་པ་པོའི་འདུ་ཚོགས་དེ་ཁེ་ཉི་ཡའི་རྒྱལ་ས་ནེ་ལོ་པི་ནས་འཚོགས་པ་རེད། ཚོགས་ཞུགས་ཀྱི་རྒྱལ་ཕྱི་ནང་གི་སྐུ་མགྲོན་གྱིས་ཞི་ཅིན་ཕིང་གིས་རྒྱལ་སྐྱོང་སྲིད་འཛིན་སྐོར་གླེང་བའི་པོ་ཏི་ལྔ་པ་དང་པོ་ཏི་དང་པོ་ནས་པོ་ཏི་བཞི་པའི་བར་ཕན་ཚུན་འབྲེལ་་ཡག་པོ་ཆགས་ཤིང་རིག་ལམ་རྒྱུན་མཐུན་ལ།རྣམ་པ་གཅིག་ཏུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་འཆར་ནང་དོན་གཙོ་བོ་དང་ཚན་རིག་མ་ལག་ལེགས་པར་མཚོན་ཡོད། ཞི་ཅིན་ཕིང་གི་རྒྱལ་སྐྱོང་སྲིད་འཛིན་སྐོར་གླེང་བ་ཞེས་པའི་མུ་འབྲེལ་བརྩམས་ཆོས་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལག་ལེན་གྲུབ་འབྲས་དང་འཛམ་གླིང་ལ་སྨན་པའི་དོན་སྙིང་ལ་གོ་བ་སྔར་བས་ཟབ་མོ་ལེན་རྒྱུར་ཕན་ཐོགས་ཆེན་པོ་ཡོད་པ་དང་། ཀྲུང་གོ་དང་ཁེ་ཉི་ཡ་དང་། ཀྲུང་གོ་དང་ཧྥེ་གླིང་བར་རྒྱལ་སྐྱོང་སྲིད་འཛིན་ཐད་ཀྱི་ཉམས་མྱོང་སྤེལ་རེས་ཟབ་མོ་བྱེད་པ་དང་། འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ངོས་འཛིན་གཅིག་མཐུན་གོང་བུ་གཅིག་ཏུ་སྒྲིལ་པ་དང་། ལག་གདང་གཅིག་ཏུ་སྦྲེལ་ནས་མིའི་རིགས་ཀྱི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་སྐྱོང་བྱེད་པར་དོན་སྙིང་གལ་ཆེན་ལྡན་པ་རེད་ཅེས་བཤད།


  • 顶