ཞི་ཅིན་ཕིང་གིས་དམག་ཨུའི་མཉམ་འབྲེལ་དམག་འཐབ་བཀོད་འདོམས་ལྟེ་གནས་སུ་གཟིགས་ཞིབ་གནང་།

2022-11-09
425

  ཚེས་བརྒྱད་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི། དམག་ཨུའི་མཉམ་འབྲེལ་དམག་འཐབ་སྤྱི་ཁྱབ་བཀོད་འདོམས་པ་ཞི་ཅིན་ཕིང་གིས་དམག་ཨུའི་མཉམ་འབྲེལ་དམག་འཐབ་བཀོད་འདོམས་ལྟེ་གནས་སུ་གཟིགས་ཞིབ་གནང་སྟེ། སྐབས་གསར་པའི་དམག་ཨུས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དང་། ཕྱོགས་ཡོངས་ནས་དམག་སྦྱོང་དམག་གྲབས་ཇེ་དྲག་གཏོང་བའི་ཆོད་སེམས་མཚོན་པ་རེད། ཁོང་གིས་དམག་ཡོངས་ཀྱིས་བློ་རིག་པ་དམག་འཛིང་དོན་དུ་སྒྲིམ་དགོས་ལ། སྟོབས་ཤུགས་ཡོད་དགུ་དམག་འཛིང་ཆེད་དུ་ཕུད་དགོས་ཤིང་། དམག་འཐབ་རྒྱལ་ཁའི་ནུས་པ་མགྱོགས་མྱུར་ཇེ་མཐོར་བཏང་ནས། དུས་རབས་གསར་པར་རང་དམག་གི་ལས་འགན་ཡང་དག་བསྒྲུབ་དགོས་ཞེས་ནན་གསུང་གནང་བ་རེད།

   ཕྱི་དྲོའི་ཆུ་ཚོད་བཞི་པ་ཡས་མས་སུ། ཞི་ཅིན་ཕིང་ལགས་དམག་ཨུའི་མཉམ་འབྲེལ་དམག་འཐབ་བཀོད་འདོམས་ལྟེ་གནས་སུ་ཕེབས་ཏེ། དམག་ཨུའི་མཉམ་འབྲེལ་དམག་འཐབ་བཀོད་འདོམས་ལྟེ་གནས་ཀྱི་འབྲེལ་ཡོད་གནས་ཚུལ་སྙན་ཞུར་གསན་པ་རེད།

  དེའི་རྗེས་སུ། ཞི་ཅིན་ཕིང་གིས་སྙིང་ཉེ་བས་དམག་ཨུའི་མཉམ་འབྲེལ་དམག་འཐབ་བཀོད་འདོམས་ལྟེ་གནས་ཀྱི་དཔོན་དམག་སྐུ་ཚབ་ལ་ཐུག་འཕྲད་གནང་བ་དང་། དམག་ཨུའི་མཉམ་འབྲེལ་དམག་འཐབ་བཀོད་འདོམས་ལྟེ་གནས་ཀྱི་བཀོད་འཐབ་པ་ཡོངསལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་གནང་བར་མ་ཟད། ཚང་མ་དང་དྲན་རྟེན་དུ་མཉམ་པར་བསྒྲོན་པ་རེད།

  ཞི་ཅིན་ཕིང་གིས། དེ་རིང་ང་དང་དམག་ཨུའི་འགོ་ཁྲིད་ཚན་པས་དམག་ཨུའི་མཉམ་འབྲེལ་དམག་འཐབ་བཀོད་འདོམས་ལྟེ་གནས་སུ་ཡོང་བ་ནི་སྐབས་གསར་པའི་དམག་ཨུས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་ལག་བསྟར་དོན་འཁྱོལ་དང་། དམག་སྦྱོང་དམག་གྲབས་ཕྱོགས་ཡོངས་ནས་ཇེ་དྲག་གཏོང་བའི་ཆོད་སེམས་མཚོན་ཆེད་ཡིན་ཞེས་གསུངས་པ་རེད།

  ཞི་ཅིན་ཕིང་གིས། ཏང་གི་ཚོགས་ཆེན་ཉི་ཤུ་པས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྱོང་དང་། ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གཏོང་བའི་ཁྱོན་ཡོངས་ལ་དམིགས་ནས། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ཐད་འཐབ་ཇུས་བཀོད་སྒྲིག་བྱེད་པ་དང་། དུས་ལྟར་དམག་དཔུང་བཙུགས་པའི་ལོ་བརྒྱ་ཐམ་པའི་འབད་བརྩོན་དམིགས་འབེན་འགྲུབ་དགོས་པ་བཅས་ནན་གྱིས་བསྟན་ཡོད། དམག་ཡོངས་ཀྱིས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུའི་བཀོད་སྒྲིག་བླང་བྱ་ལག་བསྟར་ནན་མོ་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་ཡག་པོ་བཅས་བྱས་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་དེ་དམག་དཔུང་ནང་དོན་འཁྱོལ་བྱེད་པ་དང་། བྱ་སྤྱོད་དངོས་ལ་བརྟེན་ནས་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་གྱི་རྣམ་པ་གསར་པ་གཏོད་དགོས་ཞེས་གསུངས་པ་རེད།

ཞི་ཅིན་ཕིང་གིས། ད་ལྟར་འཛམ་གླིང་ལ་ལོ་བརྒྱ་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་བྱུང་བཞིན་ཡོད་པས། རང་རྒྱལ་གྱི་བདེ་འཇགས་གནས་བབ་བརྟན་མིན་ངེས་མེད་གང་མང་ཡིན་པས་དམག་དོན་ལས་འགན་ལྗིད་ཅིང་རྙོག་དྲ་ཆེ། དམག་ཡོངས་ཀྱིས་དུས་རབས་གསར་པའི་ཏང་གི་དམག་སྟོབས་བསམ་བློ་ལག་ལེན་དང་། དུས་རབས་གསར་པའི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་ལེན། དམག་འཐབ་ནུས་པ་སྟེ་རྩ་བའི་ཚད་གཞི་ཉག་ཅིག་དེ་རྒྱུན་འཁྱོངས།  སྟོབས་ཤུགས་ཡོད་རྒུས་དམག་འཐབ་པར་གཞིགས་པ་དང་། ལས་ཀ་ཡོངས་རྫོགས་དམག་འཐབ་པར་འབད་་འབུངས་བྱེད་དེ་། རྒྱལ་ཁ་ཐོབ་པའི་ནུས་པ་མཐོར་འདེགས་ཇེ་མགྱོགས་གཏོང་དགོས་ལ། རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཁེ་ཕན་གཏན་སྲུང་བྱས་ནས་ཏང་དང་མི་དམངས་ཀྱིས་སྤྲད་པའི་ལས་འགན་ཁག་ཡག་པོ་འགྲུབ་ཐུབ་དགོས་ཞེས་ནན་གསུང་གནང་།

  ཞི་ཅིན་ཕིང་གིས། དམག་ཨུའི་མཉམ་འབྲེལ་བཀོད་འདོམས་ལྟེ་གནས་ནི་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུའི་འཐབ་ཇུས་བཀོད་འདོམས་ལག་ལེན་གྱི་རྒྱབ་རྟེན་གཙོ་བོ་དང་གོ་གནས་གཙོ་བོ། ལས་འགན་གལ་ཆེན་ཡིན་པས། འགན་འཁྲི་དམ་དུ་འཛིན་ཞིང་རྒྱལ་ཁབ་ཀྱི་བདེ་འཇགས་གནས་བབ་ལ་ཞིབ་འཇུག་བརྡར་ཤ་གཅོད་ནུས་ཇེ་དྲག་དང་། དམག་དོན་འཐབ་འཛིང་དོན་དངོས་ཁ་གཏད་འཇལ་ཤུགས་ཇེ་ཆེར་གཏོང་བ།   བཀོད་འདོམས་འཁོར་སྤྱོད་དང་ལག་ལེན་གསར་གཏོད་ཇེ་དྲག་བཏང་ནས། བློ་སེམས་དཀར་ཞིང་དམག་འཁྲུག་ཇུས་འགོད་མཁས་པ། བཀོད་འདོམས་ནུས་ཆོད་མཐོན་པོ། འཛིང་ཕོད་ཅིང་ཁེ་ཐུབ་པའི་འཐབ་ཇུས་བཀོད་འདོམས་སྡེ་ཁག་འཛུགས་སྐྱོང་གང་ཐུབ་བྱས་ནས། ཁྱོན་ཡོངས་ནས་དམག་སྦྱོང་དམག་གྲབས་ཇེ་དྲག་དང་དུས་རབས་གསར་པའི་རང་དམག་གི་འགན་འཁྲི་ཡག་པོ་སྒྲུབ་པར་བྱས་རྗེས་གསར་པ་དེ་ལས་ཆེན་པོ་འཇོག་དགོས་ཞེས་གསུངས།

ཀྲང་ཡིའུ་ཞ་དང་ཧོ་ཝེ་ཏུང་། ལི་ཧྲང་ཧྥུའུ། ལིའུ་ཀྲེང་ལི། མིའོ་ཧྭ། ཀྲང་ཧྲེང་མིང་གོང་གི་མཛད་སྒོའི་ནང་ཞུགས།


  • 顶 0