མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་ཚོགས་ཆེན་ནས་ཀྲུང་གོའི་འཐུས་ཚབ་ཚོགས་པ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་གྲོས་མོལ་བྱས།

2022-11-09
214

  ཟླ་བཅུ་གཅིག་པའི་ཚེས་བརྒྱད་ཉིན། ཨེ་ཅིབ་ཀྱི་ཧྲ་མུའུ་ཧྲ་དབྱེ་ཧི་རུ་འཚོགས་བཞིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས་བཀོད་པའི་རྒྱལ་ཁབ་ཀྱི་ཚོགས་ཆེན་ཐེངས་ཉེར་བདུན་པའི་སྐབས་སུ། ཀྲུའུ་ཞི་ཞི་ཅིན་ཕིང་གི་དམིགས་བསལ་འཐུས་མི། ཀྲུང་གོའི་ནམ་ཟླའི་འགྱུར་ལྡོག་ལས་དོན་གྱི་ཆེད་མངག་ཕོ་ཉ་ཞེ་ཀྲིན་ཧྭ་དང་། ཀྲུང་གོའི་འཐུས་ཚབ་ཚོགས་པའི་ཚོགས་གཙོ། སྐྱེ་ཁམས་ཁོར་ཡུག་པུའུ་ཡི་པུའུ་ཀྲང་གཞོན་པ་ཀྲའོ་དབྱིན་མེན་གཉིས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་དང་གྲོས་མོལ་བྱས།   ཀུའུ་ཐི་ལོས་སི་ཡིས་ཀྲུང་གོས་ལྷད་མེད་འཕེལ་སྟངས་བསྒྱུར་བའི་གོམ་སྟབས་ཇེ་མགྱོགས་སུ་བཏང་བ་དང་དངོས་གཉེར་གྱི་འགུལ་སྐྱོད་གཙོར་བཟུང་བར་གདེང་འཇོག་ཆེན་པོ་བྱས་པ་དང་། ཀྲུང་གོས་ཡང་བསྐྱར་བེད་སྤྱོད་བྱས་ཆོག་པའི་ནུས་ཁུངས་འཕེལ་རྒྱས་ཁྱབ་ཁོངས་སུ་བསྒྲུབས་པའི་བྱ་བར་ཁས་ལེན་གང་ལེགས་བྱས། ཀུའུ་ཐི་ལོས་སི་ཡིས་ཀྲུང་གོའི་འཐུས་ཚབ་ཚོགས་པས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས་བཀོད་པའི་རྒྱལ་ཁབ་ཀྱི་ཚོགས་ཆེན་ཐེངས་ཉེར་བདུན་པའི་སྐབས་སུ་མུ་མཐུད་དུ་ཤུགས་རྐྱེན་འདོན་སྤེལ་བྱེད་པ་དང་། ཕྱོགས་སོ་སོའི་བར་གྱི་འབྲེལ་འདྲིས་མཐུན་སྦྱོར་ལ་ཤུགས་སྣོན་བྱས་ཏེ། འཛམ་གླིང་ཡོངས་ཀྱིས་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པའི་ཐད་ཀྲུང་གོའི་སྟོབས་ཤུགས་འབུལ་དགོས་པའི་རེ་བ་བཏོན། 

  དེ་ལས་གཞན་ཕྱོགས་གཉིས་ཀྱིས་ནམ་ཟླའི་འགྱུར་ལྡོག་དང་འཚམ་པར་བྱེད་པ་དང་། མ་དངུལ་དང་ལག་རྩལ་གྱི་རྒྱབ་སྐྱོར་སོགས་རྒྱ་ཆེའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་གིས་དུས་ཡུན་རིང་བོར་སེམས་ཁུར་བྱེད་པའི་གྲོས་གཞིའི་ཐད་ནས་བསམ་འཆར་བརྗེ་རེས་ཟབ་མོ་བྱས། 



  • 顶 0