རྒྱལ་པོའི་འབྲས་ཞིང་སོཊ་གནའ་ཤུལ་གལ་ཆེན་རྙེད་འདུག

2022-11-09
437

  རྒྱལ་ཁབ་རིག་དངོས་ཅུས་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། ད་ལོའི་ཟླ་9ཚེས་30ཉིན་ནས་བཟུང་། ཡོན་མིང་ཡོན་གྱི་ཏན་པོ་ནན་ཅིང་(澹泊宁静)རྗེས་ཤུལ་ལ་དུས་ཐེངས་གསུམ་པའི་གནའ་རྫས་རྟོག་ཞིབ་སྔོག་འདོན་བྱས་ཤིང་། མིག་སྔར་གྲུབ་འབྲས་གལ་ཆེན་ཐོབ་ཡོད་དེ“田དབྱིབས་ཁང་པ”དང་གོང་མ་ཚང་གི་འབྲས་ཞིང་གི་རྗེས་ཤུལ་གསར་རྙེད་བྱུང་ཡོད་པ་རེད། 田དབྱིབས་ཁང་པའི་གནས་ཡུལ་ཚང་མ་ཕྱི་ལ་མངོན་པ། 

  ཏན་པོ་ནན་ཅིང་རྗེས་ཤུལ་དེ་ཡོན་མིང་ཡོན་གྱི་ནུབ་བྱང་རྒྱུད་དུ་གནས་པ་དང་། དེ་ནི་ཀྲུའུ་ཀེ་ལིང་གི་《བུ་འདོམས་ཡི་གེ་》ཞེས་པ་ལས་བཤུས་པ་ཡིན་ལ། བཟོ་བཀོད་གཙོ་བོ་ནི་རྒྱ་ཡིག田་དབྱིབས་ཀྱི་ཚོམ་ཆེན་ཞིག་ཡིན་ཏེ། ངག་རྒྱུན་དུ་田དབྱིབས་ཁང་པ་ཞེས་ཟེར་གྱི་ཡོད། བསྟུད་མར་ལོ་གསུམ་ལ་སྔོག་འདོན་བྱས་པ་བརྒྱུད།田དབྱིབས་ཁང་པ་གཞི་རྩའི་གནས་ཡུལ་ཚང་མ་ཕྱི་ལ་བུད་ཡོད་པ། 

  སྤྱི་ཁྱབ་ལས་ཁུངས་ཀྱི་གསར་འགོད་པ་ལུའོ་ཙི་དབྱིང་གིས། ཁང་པའི་བཟོ་ལྟའི་དཔེ་རིས་ཀྱི་ཡིག་ཚགས་ཐོག་ནས་བལྟས་ན། 田དབྱིབས་ཁང་པ་དེ་ཁང་མིག་33གྱིས་རྒྱ་ཡིག་ཐེན་གྱི་དབྱིབས་ཅིག་གྲུབ་ཡོད་པ་ཞིག་ཡིན་པ་དང་། གནམ་ཁུང་(天井)4 ནི་ཁང་མིག་གང་ལས་ཀྱང་ཆེ་བ་ཡོད། འོན་ཀྱང་དོན་དངོས་སུ་དེ་འདྲ་ཞིག་ཡིན་ནམ། འདི་ནི་གནའ་རྫས་རྟོག་ཞིབ་བྱས་ནས་སྔོག་འདོན་བྱས་པའི་ཐེན་དབྱིབས་ཁང་པའི་གནམ་ཁུང་གི་ས་ངོས་ཡིན་ཏེ། རྡོ་ཆེ་ཆུང་སྣ་ཚོགས་བཏིང་ཡོད་ཅིང་། དེའི་རྒྱ་ཁྱོན་ནི་སྨི་གྲུ་བཞི་ 3.8དང་། ཁང་པའི་རྒྱ་ཁྱོན་ནི་སྨི་གྲུ་བཞི་ 4.48ཡིན་ཏེ། དེ་གཉིས་ལས་གང་ཞིག་ཆེ་བའམ་ཆུང་བ་བལྟས་པ་ཙམ་གྱིས་རྟོགས་ཐུབ་ཅེས་བརྗོད། 

  སྔོག་འདོན་བྱེད་སྐབས་མེས་སྲེག་པའི་རྗེས་ཤུལ་མངོན་གསལ་དོད་པོ་མཐོང་རྒྱུ་ཡོད་ཅིང་། འཛུགས་སྐྲུན་གྱི་ས་ངོས་ཡན་གྱི་ཆ་ཤས་སྔ་ས་ནས་མེད་པར་གྱུར་མོད། འོན་ཀྱང田དབྱིབས་ཁང་པའི་གཞི་རྩའི་གནས་ཡུལ་ཡག་པོར་གནས་ཡོད། ཐེངས་འདིའི་གནའ་རྫས་རྟོག་ཞིབ་སྔོག་འདོན་བྱས་པ་དེས། ལོ་རྒྱུས་ཐོག་ཉར་ཚགས་བྱས་པའི་ཚད་ལྡན་ཡིག་ཆ་དང་དཔྱད་ཡིག་ལ་ཡོ་བསྲང་བྱས་པ་མ་ཟད། ད་དུང་གཤགས་བཅོས་རྣམ་པའི་སྔོག་འདོན་བྱས་ནས་田དབྱིབས་ཁང་པའི་ཆུ་འབུད་མ་ལག་དང་སྲ་ཞིང་བརྟན་པའི་རྩིག་རྨང་རྒྱུས་ལོན་བྱས་ཡོད། 

田དབྱིབས་ཁང་པའི་བྱང་རྒྱུད་ནས་འབྲས་ཞིང་གི་རྗེས་ཤུལ་གསར་རྙེད་བྱུང་བ། 

  རྒྱ་ཡིག田་ནི་ཞིང་ལས་ཀྱི་མཚོན་བྱེད་ཡིན་ཞིང་། སྐབས་དེར་ཡོན་མིན་ཡོན་དུ་ཡུལ་ལྗོངས་འདི་བསྐྲུན་པ་ལས། ཆིང་རྒྱལ་རབས་ཀྱི་གོང་མས་ཞིང་ལས་ལ་མཐོང་ཆེན་བྱས་པ་མཚོན་ཐུབ། ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་རིགས་ལ་གཞིགས་ན། ཏན་པའོ་ནན་ཅིང་གི་ཉེ་འཁོར་དུ་འབྲས་ཞིང་འབོར་ཆེན་འདེབས་མྱོང་བ་དང་། ཆིང་རྒྱལ་རབས་ཀྱི་གོང་མས་ལོ་ལྟར་ཐེན་དབྱིབས་ཁང་པའི་བྱང་རྒྱུད་ཀྱི་འབྲས་ཞིང་ལས་རྨོ་འདེབས་བྱེད་པའི་མཛད་སྒོ་སྤེལ་སྲིད་པ་མ་ཟད། ད་དུང་ཀོན་ཅ་ཤོན་ནས་ཞིང་ལས་ཀྱི་དུས་ཚོད་ལ་ལྟ་སྲིད་པ་ཡིན། ཐེངས་འདིའི田དབྱིབས་ཁང་པའི་བྱང་ཕྱོགས་ནས་སྔོག་འདོན་བྱས་པའི་འབྲས་ཞིང་གི་རྗེས་ཤུལ་ལས་ཀྱང་གསར་རྟོགས་ཆེན་པོ་བྱུང་ཡོད་དེ། 田དབྱིབས་ཁང་པའི་བྱང་ངོས་ནས་སྔོག་འདོན་བྱས་པའི་འབྲས་ཞིང་གི་རྗེས་ཤུལ་ལས་ལྷོ་བྱང་ཕྱོགས་གཉིས་ནས་རྣང་མ་རྙེད་པ་དང་། ལྷོ་ངོས་ཀྱི་རྣང་མ་ཐེངས་གཉིས་ལ་བཟོ་བཅོས་བརྒྱབ་པའི་རྗེས་ཤུལ་མཐོང་

  པེ་ཅིང་གྲོང་ཁྱེར་གནའ་རྫས་རྟོག་ཞིབ་ཞིབ་འཇུག་གླིང་གི་ཡོན་ཀྲང་གཞོན་པ་ཀྲང་ཀྲུང་ཧྭ་ཡིས། ཕྱོགས་གཉིས་ཀྱི་རྣང་མ་ལས་བྱང་ངོས་ཀྱིས་རང་བྱུང་གི་ལ་གཟར་བེད་སྤྱད་པ་དང་། ལྷོ་ངོས་ཀྱི་རྣང་མ་ནི་མི་ཐབས་ལ་བརྟེན་ནས་བཟོ་སྐྲུན་བྱས་པ་ཡིན་པ་མ་ཟད། ཐེངས་གཉིས་ལ་བཟོ་སྐྲུན་བྱས་ཡོད་པ་སྟེ། ཐེངས་དང་པོར་བཟོ་སྐྲུན་བྱས་པ་ལོ་ཁ་ཤས་ལ་རྨོ་འདེབས་བྱས་རྗེས་ཆུས་དེད་ནས་ཇེ་དམའ་རུ་ཕྱིན་ཡོད་སྲིད་པས་ཡང་བསྐྱར་དེའི་ཁར་ས་བསྣན་ནས་རྣང་མ་ཇེ་མཐོར་བཏང་བ་ཡིན་སྲིད་ཅེས་བརྗོད། 

  ཡུལ་དངོས་ལས་མཐོང་ཐུབ་པ་ནི། འབྲས་ཞིང་ཡོད་སའི་ས་དང་རྣང་མའི་ས་གཉིས་ཀྱི་རྒྱུ་སྤུས་མི་འདྲ་སྟེ། འབྲས་ཞིང་གི་ས་ནི་ཅུང་ས་གཤིས་གཤིན་པོ་ཡིན་པ་དང་། འབྲས་ཞིང་གི་སའི་མཐུག་ཚད་ལི་སྨི་30ཡས་མས་ཡོད། གནའ་རྫས་རྟོག་ཞིབ་པས་འབྲས་ཞིང་གི་ས་སྨི་གྲུ་བཞི་གཅིག་རེ་བྱས་ནས་གྲུ་བཞིར་བགོས་ཏེ། སོ་སོར་དབྱེ་ནས་རྟགས་བཀོད་ཅིང་མ་དཔེ་བླངས། འདིའི་འཕྲོར་ས་རྒྱུའི་གྲུབ་ཆ་དང་གྲུབ་ཆ་ཕྲ་མོ་ལ་ཚོད་ལྟ་ཁང་ནས་དབྱེ་ཞིབ་བྱས་ཏེ་འབྲས་ཀྱི་ས་བོན་ཡོད་མེད་ལ་བརྟག་རྒྱུ་ཡིན་འདུག

  པེ་ཅིང་གྲོང་ཁྱེར་གནའ་རྫས་རྟོག་ཞིབ་ཞིབ་འཇུག་གླིང་གི་ཡོན་ཀྲང་གཞོན་པ་ཀྲང་ཀྲུང་ཧྭ་ཡིས། འབྲས་སོན་ནི་སྐྱེ་ལྡན་རྫས་ཡིན་པས། མེས་མ་སྲེག་ན་རུལ་སུངས་སུ་འགྱུར་སླ། རྩི་ཤིང་གི་རིལ་བུ་ནི་མེས་སྲེག་ནས་རྡོ་སོལ་དུ་གྱུར་ཚེ་ད་གཟོད་དུས་ཡུན་རིང་བོར་གནས་ཐུབ། དེ་ནི་ཕར་ཆེར་མེས་སྲེག་མེད་པ་འདྲ་སྟེ། དེ་བས་སྐབས་དེར་མེ་དེ་གནས་འདིའི་མཚམས་སུ་འབར་ཐུབ་མེད་པ་རེད་ཅེས་བརྗོད། 


  • 顶 0