མཚོ་སྔོན་གྱིས་ལོ་གསུམ་རིང་ས་ཆུ་ཤོར་བའི་གཞི་ཁྱོན་སྤྱི་ལེ་གྲུ་བཞི་མ1700ལྷག་བཅོས་སྐྱོང་བྱས་པ།

2022-09-21
0

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཆུ་བེད་ཐིང་ནས་རྒྱུས་ལོན་པ་ལྟར་ན། འདས་ཟིན་པའི་ལོ་གསུམ་རིང་། མཚོ་སྔོན་ཞིང་ཆེན་གྱི་ཆུ་བེད་ལས་རིགས་ཀྱིས་ས་ཆུ་ཤོར་བའི་གནས་ཚུལ་ལ་དམིགས་ཏེ། སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོ་ལག་བསྟར་བྱས་ཏེ། བསྡོམས་པས་ས་ཆུ་ཤོར་བའི་གཞི་ཁྱོན་སྤྱི་ལེ་གྲུ་བཞི་མ1781.1བཅོས་སྐྱོང་བྱས། 《2021ལོའི་མཚོ་སྔོན་ཞིང་ཆེན་གྱི་ཆུའི་ཐོན་ཁུངས་སྤྱི་བསྒྲགས》ལྟར་ན། ལོ་དེར་མཚོ་སྔོན་ཞིང་ཆེན་གྱི་རང་བཟོས་ས་ངོས་ཀྱི་ཆུའི་ཐོན་ཁུངས་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར824.44ལ་སླེབས་ཡོད་པས། ལོ་མང་པོ་དང་བསྡུར་ན་ཆ་སྙོམས་སུ31.4%ཇེ་མང་དུ་སོང་ཡོད།

རྨ་ཆུ་དང་འབྲི་ཆུ། རྫ་ཆུ་བཅས་ཀྱི་འབྱུང་ཁུངས་ཡིན་པའི་ཆ་ནས། མཚོ་སྔོན་གྱིས་ལོ་རེར་ཆུའི་སྨད་རྒྱུད་དུ་ཆུའི་ཐོན་ཁུངས་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར600ལྷག་སྐྱེལ་འདྲེན་བྱེད་བཞིན་ཡོད་པས། དེ་ནི་རང་རྒྱལ་གྱི་ལྟག་ཆུ་བསྐྱིལ་གསོག་ཁུལ་དང་སྐྱེ་ཁམས་སྲུང་ཡོལ་གལ་ཆེན་ཡིན་པ་དང་ཆབས་ཅིག མཚོ་སྔོན་ནི་རྒྱལ་ཡོངས་ཀྱི་ས་ཆུ་ཤོར་ཚད་ཅུང་ཚབས་ཆེན་ཡིན་པའི་ཞིང་ཆེན་གྱི་ནང་གསེས་ཡིན།

རྩ་བ་ནས་ས་ཆུ་ཤོར་བའི་གནད་དོན་བཅོས་སྐྱོང་བྱ་ཆེད། ཉེ་བའི་ལོ་འགའི་རིང་། མཚོ་སྔོན་ཞིང་ཆེན་གྱིས་སྐས་ཞིང་འཛུགས་སྐྲུན་ལ་བརྟེན་ནས། ས་གནས་ཀྱི་ཁྱད་ལྡན་ཞིང་ལས་འཕེལ་རྒྱས་སུ་བཏང་བར། ཞིང་ལས་ཀྱི་ཐོན་སྐྱེད་ཆ་རྐྱེན་ལེགས་བཅོས་བྱས་པ་མ་ཟད། ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་ཇེ་མཐོར་བཏང་བས། ས་ཆུ་ཤོར་བའི་གནད་དོན་བཅོས་སྐྱོང་བྱས་ལ་སྐྱེ་ཁམས་ཁོར་ཡུག་ཀྱང་སྲུང་སྐྱོང་བྱས། བསྡོམས་རྩིས་གཞི་གྲངས་ལྟར་ན། མཚོ་སྔོན་ཞིང་ཆེན་གྱིས་བསྡོམས་པས་སྐས་ཞིང་མུའུ་ཁྲི51.35གསར་སྣོན་བྱས།

1129010768_16633989809961n.jpg

པར་འདི་ནི་དབྱར་གཞུང་གི་ཧོང་ཀྲུང་ས་ཁུལ་གྱི་སྐས་ཞིང་གི་མཛེས་ལྗོངས་རེད།

དུས་མཚུངས་སུ་མཚོ་སྔོན་ཞིང་ཆེན་ཆུ་བེད་ལས་རིགས་ཀྱིས་བཞུར་རྒྱུད་ཆུང་བའི་བཅོས་སྐྱོང་ལས་གཞི་དང་དབུལ་ཐར་འགག་སྒྲོལ་དེ་གྲོང་གསེབ་དར་སྤེལ་དང་ཟུང་འབྲེལ་བྱས་ཏེ། “བཞུར་རྒྱུད་ཆུང་བ+སྐྱེ་ཁམས་ཡུལ་སྐོར+དབུལ་ཐར་འགག་སྒྲོལ+འདེབས་འཛུགས་གསོ་སྤེལ”རྣམ་པའི་བཞུར་རྒྱུད་ཆུང་བའི་བཟོ་སྐྲུན་ཕུལ་བྱུང་གསར་གཏོད་བྱས་ཤིང་། བཞུར་རྒྱུད་ཆུང་བའི་ས་ཁུལ་གྱི་ས་ཆུ་བཅོས་སྲུང་འཛིན་སྐྱེ་ཁམས་ཞབས་ཞུ་བྱེད་ནུས་ཇེ་མཐོར་གཏོང་བའི་རྨང་གཞིའི་སྟེང་། གནས་ལ་འཚམ་པའི་ཁོར་ཡུག་འཛུགས་སྐྲུན་བྱས་ཏེ། ཐོན་ལས་རྨང་གཞིའི་ཆ་རྐྱེན་ལེགས་བཅོས་བྱས་པ་དང་། གྲོང་གསེབ་ཡུལ་སྐོར་དང་ཁྱད་ལྡན་ཞིང་ཕྱུགས་ལས། སྐྱེ་ཁམས་སྲུང་སྐྱོང་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་།

མཚོ་སྔོན་ཞིང་ཆེན་གྱི་ཆུ་བེད་ཐིང་གིས་འདོན་སྤྲོད་བྱས་པའི་ཆ་འཕྲིན་ལྟར་ན། ས་ཆུ་ཤོར་བའི་བཅོས་སྐྱོང་ཁྱབ་ཁོངས་ཁྲོད། སྔོ་ཁེབས་ཁྱབ་ཚད15%ནས35%ཇེ་མང་དུ་སོང་བ་དང་། ས་ཞིང་བེད་སྤྱོད་བྱེད་ཚད50%ནས70%ཡན་ཇེ་མཐོར་སོང་ཡོད་ལ། འབྲུ་རིགས་མུའུ་རེའི་ཐོན་ཚད25%ཇེ་མཐོར་སོང་ཡོད།

དེ་མིན། གྲོང་གསེབ་དར་སྤེལ་འཐབ་ཇུས་ལ་དམིགས་ཏེ། ཉེ་བའི་ལོ་འགའི་རིང་ལ་མཚོ་སྔོན་གྱིས་རོང་འབྲོག་ཁུལ་གྱི་དམངས་འཚོའི་ཆུ་བེད་ལས་གཞི་འཛུགས་སྐྲུན་ལ་རྒྱུན་མཐུད་ངང་ཤུགས་བསྣན་ཏེ། བསྡོམས་པས་མི་ཐེངས་ཁྲི476ཡི་འཐུང་ཆུ་བདེ་འཇགས་མིན་པའི་གནད་དོན་ཐག་གཅོད་བྱས། མིག་སྔར། མཚོ་སྔོན་ཞིང་ཆེན་གྱི་རོང་འབྲོག་ཁུལ་གྱི་རང་འབབ་ཆུའི་ཁྱབ་གདལ་བྱེད་ཚད་དང་ཆུ་འདོན་འགན་སྲུང་བྱེད་ཚད་སོ་སོར80%དང94%ལ་སླེབས་ཡོད།  །



  • 顶 0