ཨ་རིའི་རྒྱལ་སྲུང་པུས་ད་དུང་ཡུག་རེན་ལ་འཕུར་མདའི་མ་ལག་གཉིས་མཁོ་འདོན་བྱ་རྒྱུ་ཁྱབ་བསྒྲགས་བྱས།

2022-09-19
0

  ཨུ་ཡུག་གདོང་ཐུག་བྱུང་བ་ནས་བཟུང་ཨ་རིས་སྔ་རྗེས་སུ་ཐེངས་མང་པོར་ཡུག་རེན་ལ་དམག་དོན་རྒྱབ་སྐྱོར་བྱས་པ་དང་། དེ་སྔོན་ཨ་རིའི་སྲིད་གཞུང་གིས་ཡང་བསྐྱར་ཡུག་རེན་ལ་ཨ་སྒོར་དུང་ཕྱུར་6མཁོ་འདོན་བྱ་རྒྱུ་ཁྱབ་བསྒྲགས་བྱས་ཚུན་དུ། ཨ་རིའི་རྒྱལ་སྲུང་པུས་ད་དུང་ཡུག་རེན་ལ་འཕུར་མདའི་མ་ལག་གཉིས་མཁོ་འདོན་བྱ་རྒྱུ་ཁྱབ་བསྒྲགས་བྱས་ཡོད་པ་རེད།

  ཨ་རིའི་རྒྱལ་སྲུང་པུའུ་ཡིས་སྤྱི་ཚེས་16བསྟན་དོན། གནམ་སའི་འཕུར་མདའི་མ་ལག་དེ་གཉིས་སྔོན་དཔག་ལྟར་ན་མ་འོངས་པའི་ཟླ་བ་གཉིས་ནང་ཡུག་རེན་ལ་རྩིས་སྤྲོད་བྱ་རྒྱུ་ཡིན་པ་རེད།图片  དེ་གོང་ཨ་རིའི་རྒྱལ་དོན་ཁང་གིས་ཡང་བསྐྱར་ཡུག་རེན་ཕྱོགས་ལ་རིན་ཐང་ཨ་སྒོར་དུང་ཕྱུར་6ཟིན་པའི་དམག་དོན་རྒྱབ་སྐྱོར་མཁོ་འདོན་བྱ་རྒྱུ་ཁྱབ་བསྒྲགས་བྱས་ཡོད་པ་དང་། དེའི་ནང་མཚོན་ཆ་དང་། མདེལ་རྫས། སྒྲིག་ཆས་སོགས་རིགས་སྣ་ཚོགས་འདུས་ཡོད། ཨ་རིའི་རྒྱལ་སྲུང་པུས་ཉིན་དེར་སྤེལ་བའི་ཆ་འཕྲིན་ལ་གཞིགས་ན། དེའི་ཁྲོད་དུ་འཕྲུལ་སྒུལ་རང་བཞིན་མཐོ་བའི་མེ་ཤུགས་འཕུར་མདའི་འཕེན་སྒྱོགས་མ་ལག་ལ་འཕྲོད་པའི་མདེལ་རྫས་སོགས་ཚུད་ཡོད་པ་རེད།

  ཨུ་རུ་སུས་ཨ་རིས་ཡུག་རེན་ཕྱོགས་ལ་རྒྱང་འཕེན་འཕུར་མདའ་མཁོ་འདོན་བྱེད་མི་ཆོག་པའི་ཐ་ཚིག་བསྒྲགས་པ།图片  ཨུ་རུ་སུའི་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀྲ་ཧ་ལོ་ཝས་སྤྱི་ཚེས་15ཉིན་བསྟན་དོན། ནུབ་ཕྱོགས་ཀྱིས་ཡུག་རེན་ལ་མཚོན་ཆ་སྐྱེལ་འདྲེན་བྱས་ན་ཨུ་ཡུག་གདོང་ཐུག་བྱེད་ཡུན་ཇེ་རིང་དང་མི་སེར་དེ་བས་མང་པོ་ཤི་རྨས་བྱུང་དུ་འཇུག་སྲིད་ལ། ཨུ་རུ་སུ་དང་བྱང་ཆིངས་བར་ཐད་ཀར་གྱི་དམག་དོན་གདོང་ཐུག་འབྱུང་སླ་བར་གཏོང་སྲིད་ཅེས་དང་། ཀྲ་ཧ་ལོ་ཝས་ད་དུང་། གལ་ཏེ་ཨ་རིས་ཡུག་རེན་ལ་རྒྱང་འཕེན་འཕུར་མདའ་མཁོ་འདོན་བྱས་ཚེ། ཨ་རི་ཕྱོགས་ཀྱིས་མཚམས་ཐིག་ལས་བརྒལ་བ་མཚོན་པ་དང་། གནས་ཚུལ་དེ་འདྲའི་འོག་ཨ་རི་ནི་གདོང་ཐུག་ཁྲོད་ཐད་ཀར་ཞུགས་མཁན་དུ་བརྩིས་ནས། ཨུ་རུ་སུས་རྒོལ་ལན་སློག་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།图片

  • 顶 0