ཧུང་ཡོན་རྫོང་གིས་ལྗོངས་སྐོར་ལ་བརྟེན་ནས་མང་ཚོགས་ཕྱུག་པོར་བསྒྱུར།

2021-04-20
277

        ཉེ་བའི་ལོ་ཤས་རིང་། ཧུང་ཡོན་རྫོང་གིས་གཟི་རྩའི་རྒྱལ་སྤྱིའི་ལྗོངས་སྐོར་ལྟེ་བའི་ཁུལ་གྱི་ས་བབ་ཀྱི་དགེ་མཚན་ལ་བརྟེན་ནས། སྐྱེ་ཁམས་དང་ལྗང་མདོག  ཐཱན་ཉུང་བ་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཤིང་། ལྗོངས་སྐོར་ལ་བརྟེན་ནས་ཐོན་ལས་དར་རྒྱས་གཏོང་བ་དང་། ཐོན་ལས་ཀྱིས་རོང་འབྲོག་མང་ཚོགས་སྐུལ་ཁྲིད་བྱེད་པའི་བསམ་ཕྱོགས་གཞིར་བཟུང་སྟེ། བརླན་སའི་རང་བྱུང་མཛེས་ལྗོངས་དང་དམར་དམག་རིག་གནས་ཀྱི་ལོ་རྒྱུས་སྙན་ངག  འབྲོག་པ་ཚོའི་འཚོ་བའི་གོམས་ལུགས། བོད་བརྒྱུད་ནང་བསྟན་གྱི་རིག་གནས་སོགས་ཐོན་ཁུངས་ཀྱི་རྒྱུ་རྐྱེན་བསྡུ་སྒྲིལ་བྱས་ཏེ། ཁྱད་ལྡན་ལྗོངས་སྐོར་མཛེས་ལྗོངས་ཁུལ་འཛུགས་སྐྲུན་དང་གྲོང་གསེབ་ལྗོངས་སྐོར་གྱི་དཔེ་སྟོན་གྲོང་སྡེ་འཛུགས་སྐྲུན་ལ་གཞི་ཚུགས་ནས་ལྗོངས་སྐོར་དང་དབུལ་སྐྱོར་མཉམ་འདྲེས་བྱས་ནས་མང་ཚོགས་ཕྱུག་འགྱུར་ཡོང་བའི་འབྲེལ་བ་སྔོག་འདོན་གཏིང་ཟབ་བྱས་པ་དང་། ལྗང་མདོག་དམངས་ཕྱུག་གི་ཕུགས་ཕན་འདེགས་སྐྱོར་བཏོད་ཡོད།

        ཧུང་ཡོན་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་འོམ་ཐང་AAAAམཛེས་ལྗོངས་ཁུལ་བསྐྲུན་པ་བརྒྱུད། གཞུང་ལམ་ཤར་གཏོང་བྱས་ནས་ས་གནས་མང་ཚོགས་ཀྱི་འགྲོ་འོང་གི་གནད་དོན་ཐག་བཅད་ཡོད་ཅིང་། ཟངས་དཀར་གྲོང་སྡེས་མཛེས་ལྗོངས་ཁུལ་དང་ཏང་རྩ་འཛུགས། མང་ཚོགས་བཅས་སྦྲེལ་བའི་ཞབས་ཞུ་བྱེད་སྟངས་བཏོད་དེ། མཐའ་འཁོར་གྱི་མང་ཚོགས་1400ལྷག་སྣེ་ཁྲིད་ནས་མགྲོན་ཁང་དང་ཟ་ཁང་གཉེར་བ་དང་། ཁྱད་ལྡན་ཐོན་རྫས་བཙོང་བ། ལྗོངས་སྐོར་སྣེ་ཤན་པ་བྱེད་པ་སོགས་ཐོན་ལས་གསུམ་པའི་ལྗོངས་སྐོར་ཞབས་ཞུའི་ནང་ཞུགས་ཡོད་པ་དང་། མང་ཚོགས་དབུལ་བོ་རྣམས་ཀྱིས་གཉེར་སྐྱོང་ཞབས་ཞུའི་རྩལ་ནུས་དང་སྣེ་ལེན་གུས་སྲོལ་སོགས་ཀྱི་གསོ་སྦྱོང་བྱས་པ་བརྒྱུད། འབྲོག་པ་མང་ཚོགས་ཀྱིས་བོགས་གཏོང་དང་། ལྗོངས་སྐོར་རྣམ་གྲངས་གཉེར་བ། མཛེས་ལྗོངས་ཁུལ་དུ་ཞོར་ལས་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད། གྲོང་སྡེའི་ཁྱིམ་ཚང་8ཀྱི་མི་24དབུལ་ཕོངས་ལས་སྒྲོལ་རོགས་བྱས་པ་དང་། མི་རེར་ཡོང་འབབ་སྒོར་1400ལྷག་འཕར་རོགས་བྱས་ཡོད།  

      འབྲོག་ལས་རམ་འདེགས་སུ་བྱས་ནས་ཕྱོགས་ཡོངས་དང་རྒྱུད་མཐུད་ངང་འཕེལ་རྒྱས་སུ་བཏང་ཡོད། གྲོང་གསེབ་ལྗོངས་སྐོར་འཕེལ་རྒྱས་སུ་བཏང་བ་དང་། མི་སྒེར་གྱི་རླངས་འཁོར་བསྐོར་ནས་ལྗོངས་སྐོར་བྱ་སའི་སྒར་ས་རྒྱས་སྐྲུན་བྱས་ནས། ལྗོངས་སྐོར་ཐོན་རྫས་འཕེལ་རྒྱས་རྒྱ་ཆེར་བཏང་ཡོད་ལ། འབྲོག་ཁྱིམ་སྤྲོ་གསེང་ཁང་གཉེར་སྐྱོང་དང་། ལྗོངས་སྐོར་ཐོན་རྫས་ཕྱིར་ཚོང་། གྲོང་གསེབ་ཀྱི་དམངས་སྲོལ་མགྲོན་ཁང་། ཁྱད་ལྡན་གྱི་བོད་ཀྱི་རིག་གནས་ཉམས་ལེན་སོགས་ལྗོངས་སྐོར་དང་འབྲེལ་བ་ཡོད་པའི་ཞབས་ཞུ་གཉེར་རྒྱུར་སྐུལ་ཁྲིད་བྱས།

      རོལ་དབྱངས་ཀྱིས་སྒུལ་ཤུགས་བྱས་ཏེ། རོལ་དབྱངས་དང་རིག་གནས། ལྗོངས་སྐོར་བཅས་སྦྲེལ་བའི་སྲིད་གཞུང་གིས་ཁྲིད་སྟོན་དང་། ཁྲོམ་ར་ཡིས་འཁོར་རྒྱུག  སྤྱི་ཚོགས་ཀྱིས་ཞུགས་པ། མང་ཚོགས་ཀྱིས་མཉམ་སྤྱོད་བྱེད་པའི་ཐོན་ལས་འཕེལ་རྒྱས་ཀྱི་ཐབས་ལམ་གསར་བ་ཞིག་བཏོད་ཡོད། རིག་གནས་དང་ལྗོངས་སྐོར་མཉམ་འགུལ་དང་། ཐོན་ལས་འཕེལ་རྒྱས། སྤེལ་རེས་མཉམ་ལས། འབྲོག་ཁུལ་གྱི་གོམས་ལུགས་མངོན་པ། མང་ཚོགས་ཀྱི་བརྩོན་སེམས་འཕེལ་བ། སྤྱི་ཚོགས་བརྟན་ལྷིང་ཡོང་བ། དབུལ་སྒྲོལ་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པ། དཔལ་ཡོན་དང་འཆམ་མཐུན་མཚོན་པ་བཅས་ལ་སྐུལ་སྤེལ་བཏང་བའི་འགན་འཁྲི་དང་དུ་བླངས་ཡོད་དོ།། 


  • 顶 0