བོད་ལྗོངས་ཀྱིས་“5G+འཕྲུལ་མིའི”ལག་རྩལ་གྱིས་གཤགས་བཅོས་ལེགས་འགྲུབ་བྱས།

2021-04-22
220

ཟླ་4ཚེས་19ཉིན།པེ་ཅིང་ཅི་ཧྲུའེ་ཐན་སྨན་ཁང་གི་འཕྲུལ་མིའི་རྒྱང་ཁྲིད་གཤགས་བཅོས་ལྟེ་གནས་དང་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་གཤག་བཅོས་ཁང་གིས་5Gཡི་འཕྲིན་གཏོང་ལག་རྩལ་དུས་ཐོག་ཏུ་འབྲེལ་མཐུད་བྱས་པ་བརྒྱུད། པེ་ཅིང་དང་བོད་ལྗོངས་མཉམ་འབྲེལ་ཐོག“5G+འཕྲུལ་མིའི”རྒྱང་ཁྲིད་རུས་ནད་གཤགས་བཅོས་བྱས་པ་རེད། གཤགས་བཅོས་བྱེད་རིང་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གིས་ནད་པའི་གཤགས་བཅོས་ཁྲོད་ཀྱི་རྩ་གཉིས་གཟུགས་བརྙན་འཚོལ་བསྡུ་བྱས་རྗེས། རུས་ནད་གཤགས་བཅོས་འཕྲུལ་མིའི་རྒྱང་ཁྲིད་གཤགས་བཅོས་ཞབས་ཞུའི་ལས་སྟེགས་བརྒྱུད། པེ་ཅིང་ཅི་ཧྲུའེ་ཐན་སྨན་ཁང་དུ་བརྒྱུད་སྤྲོད་བྱས་པ་དང་། ཅི་ཧྲུའེ་ཐན་སྨན་ཁང་གི་རིགས་གཅིག་མཁས་ཅན་གྱིས་གཤགས་བཅོས་འཆར་འགོད་ལེགས་སྒྲུབ་བྱས་ནས། ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་རུས་ནད་ཚན་པའི་སྨན་པར་རྒྱང་ཁྲིད་མཛུབ་ཁྲིད་བཅས་བྱས་ཏེ། ནད་པར་ཁ་ཟུམ་རུས་ཚིགས་སླར་གསོའི་གཅུས་གཟེར་ནང་གཏན་འཇགས་གཤགས་བཅོས་བྱས་པ་རེད། པེ་ཅིང་བོད་སྐྱོར་སྨན་པ་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་ཡོན་ཀྲང་རེན་དབྱི་ཡིས། ད་ཐེངས་ཀྱི་རྒྱང་ཁྲིད་གཤགས་བཅོས་བདེ་བླག་ངང་ལག་བསྟར་བྱས་པ་དེས་རྙོག་འཛིང་ཆེ་བའི་རྨ་ཁ་དང་སྒལ་གཞུང་གཤགས་བཅོས་དེ་བས་མང་བ་བྱ་རྒྱུར་རྨང་གཞི་བཏིང་ཡོད་པས། སྨན་བཅོས་ཞབས་ཞུའི་སྤུས་ཚད་སྔར་བས་མཐོ་རུ་གཏོང་བ་དང་བོད་ལྗོངས་མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱི་ཉིན་རེར་བཞིན་མང་དུ་འགྲོ་བའི་བདེ་ཐང་གི་དགོས་མཁོ་སྐོང་རྒྱུའི་ཐད་དགེ་མཚན་ལྡན་པའི་དོན་སྙིང་ལྡན་ཡོད་ཅེས་བཤད།

  • 顶 0