བྲིས་གཟུགས་དགའ་ཞེན་ཅན་བཀྲ་ཤིས་རྒྱ་མཚོ།

2020-04-29
152

བཀྲ་ཤིས་རྒྱ་མཚོ་༼བཀྲ་དགའ༽ནི་སྤྱི་ལོ་༡༩༧༡ལོར་སི་ཁྲོན་ཞིང་ཆེན་དཀར་མཛེས་རྫོང་མདའ་མདོ་ཤང་འོ་བཟང་དུ་སྐྱེས། ཆུང་དུས་ནས་སློབ་གྲྭ་ཁག་ལ་འགྲིམས་པའི་གོ་སྐབས་མ་བྱུང་རུང་།  ཡིག་གཟུགས་ཀྱི་སྒྱུ་རྩལ་ལ་དགའ་ཞེན་ཆེ་བས། ཁྱིམ་ལས་ཀྱི་ཞོར་དུ་བོད་ཡིག་འབྲི་ཀློག་ལ་རང་སྦྱོང་བྱས་པ་མ་ཚད།  སྤྱི་ལོ་༡༩༩༧ནས་དཀར་མཛེས་མི་རིགས་སློབ་འབྲིང་གི་དགེ་རྒན་བསོད་ནམས་དབང་རྒྱལ་མདུན་ནས་བོད་ཀྱི་ཡིག་གཟུགས་འདྲ་མིན་དང་སུམ་རྟགས་དག་གསུམ་སོགས་བརྡ་སྤྲོད་རིག་པ་ལ་སློབ་སྦྱོང་བྱས། སྤྱི་ལོ་༡༩༩༩ལོར་དབུ་མེད་ཀྱི་ཡིག་གཟུགས་སྦྲང་ཆར་དུས་དེབ་ཏུ་བཀོད་ཡོད་ཅིང་། ༢༠༠༣ལོར་ཀྲུང་གོའི་གྲངས་ཉུང་མི་རིགས་རིག་གནས་ཐེབས་རྩ་ལྷན་ཚོགས་ཀྱི་ལས་འཛིན་པ་དང་། སྤྱི་ལོ་༢༠༡༥ལོར་དཀར་མཛེས་ཁུལ་བོད་ཀྱི་ཡིག་གཟུགས་ཚོགས་པའི་ཚོགས་མིར་བྱས་སོ།།

  • 顶 0