
འདི་ནི་འཐུས་མི་ཚོས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གཞིགས་ནས་གཏམ་བཤད་སྤེལ་བཞིན་ཡོད་པ།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པས་རིགས་ཁོངས་ཕྱེ་ནས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་དང་གྲོས་གཞིའི་ལས་དོན་སྒྲུབ་ཚུལ་སྐོར་གྱི་སྙན་སྒྲོན་ལ་གྲོས་ཞིབ་གནང་བ་དང་། བོད་སྡོད་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་སྙན་སྒྲོན་གཉིས་ལ་དམ་པོར་དམིགས་ཏེ་རང་ལྗོངས་ཀྱི་སྲིད་གྲོས་ལས་དོན་གྱི་དོན་དངོས་གཞིར་བཟུང་རིགས་ཁོངས་ཁག་གི་ཚོགས་ཆུང་གྲོས་བསྡུར་ལ་འགན་སྒྲུབ་གཏམ་བཤད་ཧུར་ཐག་གནང་ཞིང་། འདི་ནི་རང་ལྗོངས་ཀྱི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་བློ་བཟང་བསམ་གཏན(གཡོན)དང་ཐུབ་བསྟན་མཁས་གྲུབ(གཡས)ཀྱིས་ཚོགས་འདུའི་བར་གསེང་དུ་གྲོས་བསྡུར་གནང་བཞིན་པ།
འཕྲིན་སྟེགས། weikangba