བྲིས་པ་​རྒྱལ་དགའ།

2024-04-22
458

བྲིས་པ་རྒྱལ་དགའ།   བོད་ལྗོངས་ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་རྩྭ་རིང་གྲོང་རྡལ་བླ་མཚོ་གྲོང་ཚོའི་འབྲོག་ཁྱིམ་ཕལ་བ་ཞིག་གི་ཁྱིམ་དུ་སྐྱེས།  ཆུང་དུས་སློབ་གྲྭ་སྡོད་པའི་གོ་སྐབས་མ་བྱུང་ཡང་།  ཡི་གེ་འབྲི་ཀློག་ལ་འབད་པ་ལྷོད་མེད་བྱས།  བོད་ཀྱི་ཡིག་མཁན་ཆེན་མོ་རྒན་བསྟན་འཛིན་ལགས་དང་།  རྒན་ལེགས་བཤད་བཟོད་པ་ཁ་སྤུ་ཅན་རྣམ་གཉིས་ཀྱི་སྐུའི་གམ་དུ་བཅར་ནས་ཚུགས་རིང་དང་།  ཚུགས་ཐུང་སོགས་འབྲི་སྦྱོང་བྱས།  ད་ལྟ་ནག་ཆུ་གྲོང་ཁྱེར་ཡིག་གཟུགས་མཁས་པའི་མཐུན་ཚོགས་ཀྱི་ལས་འཛིན་དང་།  བོད་ལྗོངས་ཡིག་གཟུགས་མཁས་པའི་མཐུན་ཚོགས་ཀྱི་ཚོགས་མི་བཅས་ཡིན།

  • 顶