མཚོ་སྔོན་གྱིས་ཁྱོན་ཡོངས་ནས2025ལོའི་སྨན་རྫས་ཞིབ་བཤེར་བྱ་བ་འགོ་བརྩམས།

来源:ཀྲུང་གོ་བོད་ཀྱི་དྲ་བ།作者:རིག་ལྡན་རྒྱ་མཚོས་བསྒྱུར།2025-03-18 10:41:41

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས13ཉིན། མཚོ་སྔོན་ཞིང་ཆེན་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ནས་བསྒྲགས་པའི་གསར་འགྱུར་ལྟར་ན། སྔར་ལས་ལྷག་པའི་སྒོ་ནས་སྨན་རྫས་སྤུས་ཚད་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ནས། སྤྱི་དམངས་ཀྱི་སྨན་སྤྱོད་བདེ་འཇགས་ལ་འགན་སྲུང་བྱ་ཆེད། ཞིང་ཆེན་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས《2025ལོའི་ཞིང་ཆེན་ཡོངས་ཀྱི་སྨན་རྫས་ཞིབ་བཤེར་འཆར་འགོད》དཔར་འགྲེམ་བྱས་ཏེ། གཙོ་གནད་རིགས་སྣ་དང་། གཙོ་གནད་ཁྱབ་ཁོངས། གཙོ་གནད་གོ་རིམ། གཙོ་གནད་ལས་གནས་ལ་དམིགས་ཏེ། ཁྱོན་ཡོངས་ནས2025ལོའི་སྨན་རྫས་ཞིབ་བཤེར་བྱ་བ་བཀོད་སྒྲིག་བྱས། 

རྒྱུས་ལོན་བྱུང་བ་ལྟར་ན། སྨན་རྫས་ཞིབ་བཤེར་བྱ་བས“བཞི་ཅན་གསུམ”གྱི་ཁྱད་ཆོས་མངོན་པ་དང་། དེའི་ཁྲོད། གཙོ་གནད་རིགས་སྣ་ལྟ་ཞིབ་ཚད་ལེན་རྒྱ་བསྐྱེད་དང་། ཞིང་ཆེན་རིམ་པའི་འཚོལ་ཞིབ་རང་བཞིན་གྱི་ཞིབ་འཇུག་རིགས་སྣ་དེ་ན་ནིང་གི2ནས4རུ་འཕར་བ་དང་། དྲ་རྒྱའི་ཞིབ་བཤེར་རིགས་སྣ་དེ་ན་ནིང་གི5ནས8དུ་འཕར། སྨན་བཅོས་སྡེ་ཁག་གི་སྡེབ་སྦྱོར་དེ་ན་ནིང་གི20ནས་30རུ་འཕར། གཙོ་གནད་ཁྱབ་ཁོངས་ཀྱི་ལྟ་སྐུལ་དོ་དམ་ཤུགས་དྲག་ཏུ་བཏང་བ་དང་། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ8ཀྱི་སྨན་རྫས་ཐོན་སྐྱེད་དང་། འཁོར་རྒྱུག བེད་སྤྱོད་གོ་རིམ་ཡོངས་སུ་ཁེབས་པ་དང་། གཅིག་བསྡུས་རིགས་སྣ་དང་། ལོ2ནང་གི་གསར་དུ་ཆོག་མཆན་ཐོབ་པའི་རིགས་སྣ། ཕྱིར་འཚོང་སྒོར་དུང་ཕྱུར་ལས་བརྒལ་བའི་རིགས་སྣ། ལོ་སྔོན་མའི་ཞིབ་བཤེར་གནད་དོན་རིགས་སྣ་ཡོངས་སུ་ཁེབས་པ་དང་། ཞིང་ཆེན་ནང་ཁུལ་གྱི་ཐོན་སྐྱེད་ཁེ་ལས་དང་ལོ་ནང་གི་ཐོན་རྫས་རིགས་སྣ་ཡོངས་སུ་ཁེབས་ཤིང་། སྡེབ་འཚོང་ཁེ་ལས་དང་ཕྱིར་འཚོང་ཚོང་ཁང་གི་ལོ་གཉིས་ནང་ཐེངས་གཅིག་ལ་ཡོངས་སུ་ཁེབས་པའི་ཞིབ་བཤེར་བྱས། 

གཙོ་གནད་གོ་རིམ་གྱི་ལྟ་སྐུལ་ལ་ཤུགས་སྣོན་དང་། ཀྲུང་ལུགས་བོད་སྨན་སྡེབ་སྦྱོར་ཐོན་སྐྱེད་ཁེ་ལས་ཀྱི་སྨན་རྩྭའི་ཐད་ནས་ཆེད་དོན་ཞིབ་བཤེར་བྱས་པ་དང་། ཉེ་བའི་ལོ་གཉིས་ཀྱི་འཚོལ་ཞིབ་རང་བཞིན་གྱི་ཞིབ་འཇུག་དང་། རྒྱལ་ཁབ་ཀྲུང་ལུགས་བོད་སྨན་སྤུས་ཚད་ལྟ་སྐུལ་ཚད་ལེན་ཉེན་ཁའི་གསལ་འདེབས་རིགས་སྣ་ཡོངས་སུ་ཁེབས་པར་བྱས། སྨན་བཅོས་སྡེ་ཁག་གི་སྡེབ་སྦྱོར་ཐད་ཆེད་དོན་ཞིབ་བཤེར་བྱས་པ་དང་། རྟགས་ཚད་ཞིབ་བཤེར་གྱི་རྨང་གཞིའི་སྟེང་། ཁྲིམས་འགལ་གྱི་ཁ་སྣོན་ཞིབ་བཤེར་བྱས། འཕང་འབྲས་ཐད་ཆེད་དོན་ཞིབ་བཤེར་བྱས་པ་དང་། དབྱང་གཉིས་མུ་ཟི་ལུས་པར་དོ་སྣང་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་འཕང་འབྲས་ཐོན་སྐྱེད་ཚོང་གཉེར་གོ་རིམ་ཚད་ལྡན་དུ་བཏང་ནས། འགོ་ཁུངས་སྤུས་ཚད་བདེ་འཇགས་ལ་ཁག་ཐེག་བྱས། གཙོ་གནད་ལས་འགན་མཐོར་འདེགས་ལ་སྐུལ་འདེད་དང་། རྟགས་ཚད་ཞིབ་བཤེར་ལག་བསྟར་བྱེད་པ། ངེས་གཏན་གྱི་ཞིབ་བཤེར་བཀོད་སྒྲིག་བྱས་ནས། མཉམ་བསྲེས་ཞིབ་བཤེར་བྱ་བ་སྤེལ་ནས། སྤྱི་དམངས་ཀྱི་སྨན་སྤྱོད་བདེ་འཇགས་ཐད་འགན་སྲུང་བརྟན་པོ་མཁོ་འདོན་བྱས། ། 


康巴卫视微信公众号

相关阅读