2023ལོའི་བདེ་འཇགས་མཚོ་སྔོན་འགུལ་སྤྱོད་ལ་སྐུལ་འདེད་ཏན་ཏིག་བཏང་བ།

来源:ཀྲུང་གོ་བོད་ཀྱི་དྲ་བ།作者:རྡོ་རྗེ་སྐྱིད་ཀྱིས་བསྒྱུར།2024-02-01 10:54:42

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས30ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་བྱ་བའི་གྲོས་ཚོགས་སྟེང་རྒྱུས་ལོན་བྱས་པ་ལྟར་ན། 2023ལོར་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་མ་ལག་གིས་མི་དམངས་ལྟེ་བར་འཛིན་པ་རྒྱུན་འཁྱོངས་བྱས་པ་དང་། བདེ་ཐང་སློབ་གསོ་དང་བདེ་ཐང་རྒྱུན་ཤེས་ཁྱབ་གདལ། བདེ་ཐང་མཚོ་སྔོན་འགུལ་སྐྱོད་གཏིང་ཟབ་ངང་སྤེལ་བར་ཏན་ཏིག་གིས་སྐུལ་འདེད་བཏང་། ཞིང་ཆེན་ཡོངས་ཀྱི་གྲོང་མིའི་བདེ་ཐང་ཆུ་ཚད22.97%ཟིན་པ་དེ2022ལོ་ལས་བརྒྱ་ཆའི་ཚེག2.35ཇེ་མཐོར་གྱུར།  བདེ་ཐང་དམིགས་ཚད་གཙོ་བོ་དང་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དབར་གྱི་ཧེ་བག་མུ་མཐུད་དུ་ཇེ་ཆུང་དུ་གྱུར།  དམངས་ཡོངས་ཀྱིས་བདེ་ཐང་མཚོ་སྔོན་མཉམ་སྐྲུན་མཉམ་སྤྱོད་བྱེད་པའི་འགུལ་སྐྱོད་ཀྱི་རྣམ་པ་བཟང་བོ་སྔར་བས་ཇེ་ཟབ་ཏུ་གྱུར་ཡོད། 

2023ལོར་མཚོ་སྔོན་ཞིང་ཆེན་གྱིས་རྒྱུན་མཐུད་ངང་བཅོས་སྒྱུར་ལས་དོན་གཏིང་ཟབ་ཏུ་བཏང་པ་དང་།  “སྨན་གསུམ་མཉམ་འགུལ”སྲིད་ཇུས་ཀྱི་ཁེ་སྤོགས་ཀྱི་ནུས་པ་རྒྱུན་ཆད་མེད་པར་འདོན་སྤེལ་བྱས་པ་དང་།  ཐོན་ཁུངས་སྤྱི་འདོམས་དང་། གཞི་རྩའི་སྤྱི་པའི་འཕྲོད་བསྟེན་གྱི་གྲོན་དངུལ་བསྡུ་བ། སྨན་རྫས་གཞི་གཅིག་ཅན་གྱི་དོ་དམ་སོགས་ཀྱི་བཅོས་སྒྱུར་ལས་འགན་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་། རྫོང་ཁོངས་ཀྱི་སྐོར་སྐྱོད་སྨན་བཅོས་དང་མངགས་གཏོང་ཞབས་ཞུའི་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་བ། ཞིང་ཆེན་ ཡོངས་སུ་ཁྱབ་པའི་དམ་དྲག་རྣམ་པའི་རྫོང་ཁོངས་ཀྱི་སྨན་བཅོས་གཞི་གཅིག་འཛུགས་སྐྱོང་གི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་།  ས་གནས་ཀྱི་ནད་རིགས་ཚབས་ཆེན་སྔོན་འགོག་དང་ཚོད་འཛིན་བྱེད་པར་གྲུབ་འབྲས་མངོན་གསལ་བླངས་པ་དང་།  བྱི་རིམས་དང་ཐུམ་འབུའི་ནད། རས་ནད། ས་གནས་ཀྱི་ནད་རིགས་གཙོ་གནད་བཅས་འགོག་བཅོས་བྱེད་པའི་བྱ་སྤྱོད་འཆར་གཞི་གསར་པ་ལག་བསྟར་བྱས་ནས། བསྟུད་མར་ལོ12རིང་མི་ཡུལ་དུ་བྱི་རིམས་མ་བྱུང་བའི་གྲུབ་འབྲས་གལ་ཆེན་བླངས།  རྒྱལ་ཡོངས་ཀྱིས《མཚོ་སྔོན་ཞིང་ཆེན་གྱི་ཐུམ་འབུའི་ནད་འགོག་བཅོས་སྲོལ་ཡིག》སྔོན་ལ་ཁྱབ་བསྒྲགས་དང་ལག་བསྟར་བྱས་ནས་ནུབ་རྒྱུད་ས་ཁུལ་གྱིས་ཐུམ་འབུའི་ནད་ཀྱི་གནོད་འཚེ་རྒྱུན་མཐུད་ངང་ཚོད་འཛིན་བྱ་ཆེད། མཚོ་སྔོན་གྱི་མ་དཔེ་མཁོ་འདོན་བྱས་པ་དང་། ཐུམ་འབུའི་ནད་གཤགས་བཅོས་བྱ་རྒྱུར་འཚམ་པའི་ནད་པའི་འགུལ་ཚུལ་རྒྱུན་འཁྱོངས་བྱས།   སྨན་བཅོས་ཞབས་ཞུའི་ནུས་པ་མགྱོགས་མྱུར་ངང་ཇེ་ཆེར་བཏང་པ་དང་། ས་མཐོའི་གསོ་རིག་ཞིབ་འཇུག་ལྟེ་གནས་དངོས་སུ་བཙུགས། དོན་དངོས་རང་བཞིན་གྱི་གཞི་རྟེན་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་། རྒྱལ་ཁབ་ཀྱི་ཤང་གྲོང14ཡིས་རྫོང་རིམ་པའི་སྨན་ཁང་གི་སྨན་བཅོས་ཤེས་ལྡན་པར“ཚོགས་སྒྲིག་རྣམ་པའི”རོགས་སྐྱོར་ལས་དོན་ལག་བསྟར་གཏིང་ཟབ་བྱས་ནས། ཁུལ6གི་མི་དམངས་སྨན་ཁང་དེ་ཀྲུང་དབྱང་རྩ་འཛུགས་པུའུ་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”རོགས་སྐྱོར་ནང་འཇུག་པར་ཧུར་ཐག་གིས་མཐུན་སྦྱོར་བྱས། མཚོ་སྔོན་ལྷོ་རྒྱུད་དང་མཚོ་སྐོར་སྨན་སྐྱོར་འགུལ་སྐྱོད་ལག་བསྟར་གཏིང་ཟབ་བྱས་ནས་བསྡོམས་པས་འཕྲོད་བསྟེན་ཆེད་ལས་པ1127ཁུལ6གི་རྫོང31ལ་བཏང་སྟེ། ཞིང་ཆེན་རིམ་པའི་སྨན་ཁང་གིས་རང་སྐྱོང་ཁུལ6ཚང་མར་ཁ་གཏད་རོགས་སྐྱོར་བྱས།

2023ལོར་མཚོ་སྔོན་ཞིང་ཆེན་གྱི་ཀྲུང་བོད་ལུགས་གསོ་རིག་བྱ་གཞག་འཕེལ་རྒྱས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ནས་རྒྱལ་ཁབ་ཀྱི་ཀྲུང་ལུགས་གསོ་རིག་གི་ལེགས་ཆའི་ཆེད་ལས་ཚན་ཁག8དང་། གྲོང་ཁྱེར་དང་ཁུལ་རིམ་པའི་གཙོ་གནད་ཚན་ཁག2རྒྱལ་ཁབ་ཀྱི་ཆུ་ཚད་མཐོ་བའི་ཀྲུང་ལུགས་གསོ་རིག་གི་གཙོ་གནད་རིག་ཚན2མཚོ་སྔོན་ཞིང་ཆེན་གྱི་ཀྲུང་ལུགས་གསོ་རིག་གི་ཚན་རིག་ཞིབ་འཇུག་གསར་གཏོད་རྣམ་གྲངས21ལག་བསྟར་བྱས། 《བོད་ལུགས་གསོ་རིག་གི་བོད་སྨན་འགྲེམས་སྟོན་ཆེན་མོ》རྩོམ་སྒྲིག་དང་དཔེ་སྐྲུན་བྱས་ནས་ཆེད་རྩོམ26བསྒྲིགས། གཙོ་གནད་མི་ཚོགས་ཀྱི་བདེ་ཐང་ཞབས་ཞུ་ལ་འགན་ལེན་ནུས་ལྡན་བྱས་ནས་ཞིང་ཆེན་ཡོངས་ཀྱི་རྒན་རྒོན་ཁྲི43.83ལ་གཟུགས་པོར་བརྟག་དཔྱད་བྱས།  ཞིང་ཆེན་ཡོངས་ཀྱི་རིམ་པ་གཉིས་པ་ཡན་གྱི་རྒན་རྒོན་མཛའ་གྲོགས་སྨན་བཅོས་སྒྲིག་གཞི་གཏོད་ཚད84.2%ཟིན། ཞིང་ཆེན་ཡོངས་སུ་བསྡོམས་པས་བཅོལ་གསོ་ཞབས་ཞུའི་སྒྲིག་གཞི267དང་གནས་གྲངས་ཁྲི1.87བཙུགས་པ་དང་། ཟི་ལིང་གྲོང་ཁྱེར་གྱིས་རྒྱལ་ཡོངས་ཀྱི་ཕྲུ་གུ་དམར་འབྱར་ལ་ལྟ་སྐྱོང་བྱེད་པའི་དཔེ་སྟོན་གྲོང་ཁྱེར་ཁག་དང་པོའི་མིང་བཏགས། བདེ་ཐང་དབུལ་སྐྱོར་གྱི་གྲུབ་འབྲས་མུ་མཐུད་དུ་སྲ་བརྟན་དུ་བཏང་པ་དང་། ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་སྨན་བཅོས་སྒྲིག་གཞི་དང་མི་སྣའི“སྟོང་ཆ”མེད་པར་བཟོ་བ་དང་། ཞིང་ཆེན་ཡོངས་ཀྱི་དབུལ་ཐར་ཁྱིམ་ཚང་དང་དབུལ་པོར་འགྱུར་སླ་བ། ཐོལ་བྱུང་གི་དཀའ་ངལ་ཚབས་ཆེན་བཅས་ཀྱི་ཁྱིམ་ཚང་ཁྲོད་ནད་ཆེན་པོའི་རིགས35ཡི་ནད་པ་ཁྲི2.34ཚང་མར་སྐྱོབ་བཅོས་དང་དོ་དམ་བྱས།   གཅོང་ནད་གཙོ་བོ་རིགས་བཞིའི་ནད་པ་ཁྲི5.13ལ་ཁྱིམ་ཚང་སྨན་པས་མཆན་འགོད་བྱས་ནས་ནད་ཀྱི་དབང་གིས་གཞི་ཁྱོན་རང་བཞིན་གྱིས་ཡང་བསྐྱར་དབུལ་ཕོངས་སུ་མི་འབྱུང་བར་དམ་སྲུང་བྱས། །


康巴卫视微信公众号

相关阅读