མཛོད་དགེ་རྫོང་གིས2023ལོའི་རྨ་ཆུའི་བུམ་པ་རྟགས་ཅན་ཞེས་པའི་གྲོང་སྡེའི་ལྒང་རྩེད་མཐུན་ཚོགས་ཀྱི་སྐྱེས་པའི་ལྒང་རྩེད་འགྲན་སྡུར་བྱེད་སྒོ་སྤེལ།

来源:མཛོད་དགེ་རྫོང་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས།作者:དཔལ་མགོན།2023-07-07 12:41:30

2.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དམངས་ཡོངས་ཀྱི་ལུས་སྦྱོང་ལ་སྔར་ལས་སྐུལ་འདེད་ཀྱིས་དམངས་ཡོངས་ཀྱི་བདེ་ཐང་སྐུལ་སྤེལ་སྒོས།  མང་ཚོགས་ཀྱི་ལས་ཞོར་རིག་གནས་འཚོ་བ་ཕུན་ཚོགས་སུ་བཏང་སྟེ།   མང་ཚོགས་ཀྱི་འགྲིལ་ཤུགས་དང་སྙེག་ཤུགས་ཆེར་བཏང་ནས། འབད་འཐབ་ཡར་བརྩོན་གྱི་སྙིང་སྟོབས་སྐུལ་སློང་བྱེད་ཆེད།  ཟླ7པའི་ཚེས5ཉིན།  མཛོད་དགེ་རྫོང་གིས2023ལོའི་རྨ་ཆུའི་བུམ་པ་རྟགས་ཅན་ཞེས་པའི་གྲོང་སྡེའི་ལྒང་རྩེད་མཐུན་ཚོགས་ཀྱི་སྐྱེས་པའི་ལྒང་རྩེད་འགྲན་སྡུར་གྱི་སྟག་ཚ་གྲོང་རྡལ་འགྲན་ཁུལ་གྱི་ལེགས་འདེམས་འགྲན་སྡུར་སྤེལ།

4.jpg

འགྲན་རར་ལྒང་རྩེད་པ་རྣམས་ཀྱིས་ལྒང་རྩེད་ཀྱི་འཕྲོག་འགོག་གཉིས་ཀའི་རྩལ་ལྡན་ཞིང་།  ཛ་དྲག་ཆེ་བའི་འགྲན་སྡུར་ཁྲོད་སྐར་མ་གསུམ་གྱི་རྒྱང་འཕེན་དང་ལྒང་འཕྲོག་མགོ་བརྒལ་སོགས་ཀྱི་རྩལ་ལེགས་པར་ངོམས།  ངོ་མཚར་ཆེ་བའི་འགྲན་སྡུར་གྱི་ཡུལ་དངོས་སུ་ལྟད་མོ་བ་རྣམས་ཀྱིས་དགའ་འབོད་ཡང་ཡང་བྱས།  འགྲན་སྡུར་གྱི་ཚ་རླབས་ཆེས་ཆེ་བའི་སྐབས་སུ་ལྒང་རྩེད་པ་རྣམས་ཀྱིས་ཕན་ཚུན་མཐུན་སྦྱོར་དང་འདུར་རྒྱུག་ལེགས་པོས།   དུས་ཚོད་སྐར་ཆ་གཅིག་གི་སྐར་ལོན་གོ་སྐབས་རང་དགར་མི་གཏོང་།  ལྟད་མོ་བའི་བཞུགས་སྟེགས་སུ་མི་ཚོགས་ཆེ་ལ།   བཞུགས་སྟེགས་ལེགས་ཤོས་མ་ཐོབ་པའི་སྡེ་དམངས་རྣམས་ཀྱང་སར་ཙོག་པ་དང་མདུན་སྟེགས་ཆུང་ངུར་འདུག་པ།  སྐས་ཐོག་ཏུ་འཛེག་པ་སོགས་བྱས་ཏེ།  ཚང་མས་ལྟད་མོའི་འདུག་གནས་ལེགས་ཤོས་ཐོབ་པ་གལ་དུ་བརྩིས།

3.jpg

སྟག་ཚ་གྲོང་རྡལ་དམངས་ཆེན་ཀྲུའུ་ཞི་ཚོགས་པའི་ཀྲུའུ་ཞི་ཁྲང་ཧྲེང་གིས་བཤད་རྒྱུར། རྫོང་ཨུ་དང་སྲིད་གཞུང་གིས་རྨ་ཆུའི་ཁྱད་ལྡན་ལུས་རྩལ་འགྲན་སྡུར་གཏོད་པའི་འབོད་སྐུལ་དང་ལེན་སྒོས།  སྟག་ཚ་གྲོང་རྡལ་གྱི་རྒྱ་ཆེའི་མང་ཚོགས་ཀྱི་རིག་རྩལ་འཚོ་བ་ཕུན་ཚོགས་སུ་གཏོང་ཆེད།  ང་ཚོའི་གྲོང་རྡལ་གྱིས་འབྲོག་སྡེ་བཞི་རྩ་འཛུགས་ཀྱིས་ཐེངས་འདིའི་རྨ་ཆུའི་བུམ་པ་རྟགས་ཅན་ཞེས་པའི་གྲོང་སྡེའི་ལྒང་རྩེད་མཐུན་ཚོགས་ཀྱི་ལེགས་འདེམས་འགྲན་སྡུར་སྤེལ། འགྲན་རར་ལོ་ན་གཞོན་པའི་འབྲོག་དམངས་ཀྱིས་འགྲན་རྩལ་ལེགས་པར་ངོམས་ཤིང་།  འགྲན་ཉམས་དང་མཐུན་སྒྲིལ་ལེགས་པར་ངོམས་པས།  འགྲན་སྡུར་ཡོངས་སུ་ལེགས་འགྲུབ་བྱུང་སྟེ།  མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད་ཟེར། བཞག་ལྡོམ་གྲོང་སྡེའི་རུ་མི་ཚེ་ལྷ་སྐྱབས་ཀྱིས་བཤད་རྒྱུར།  དེ་རིང་གྲོང་སྡེའི་བཞིས་འདིར་ལྒང་རྩེད་འགྲན་སྡུར་བྱས་པ་ཡིན། ང་ཚོ་བཞག་ལྡོམ་གྲོང་སྡེ་རུ་ཁག་ལ་ཨང་གསུམ་པའི་བྱ་དགའ་ཐོབ་པས།  ང་རང་ཤིན་ཏུ་དགའ་ཡོད།  མ་འོངས་པར་འདི་ལྟ་བུའི་འགྲན་སྡུར་གང་མང་བཀོད་སྒྲིག་བྱེད་པའི་རེ་བ་ཆེ་ཟེར།

ཐེངས་འདིའི་ལྒང་རྩེད་འགྲན་སྡུར་གྱིས་ལྒང་རྩེད་ལ་དགའ་མཁན་རྣམས་ལ་ཕན་ཚུན་སློབ་སྦྱོང་དང་འབྲེལ་འདྲིས་ཀྱི་གོ་སྐབས་བསྐྲུན་པར་མ་ཟད།  རང་རེའི་རྫོང་གི་རོང་འབྲོག་མང་ཚོགས་ཀྱི་བསམ་བློའི་རིག་གནས་འཚོ་བ་ཕུན་ཚོགས་སུ་བཏང་སྟེ།   རོང་འབྲོག་མང་ཚོགས་ཀྱི་ལུས་སྦྱོང་འདུ་ཤེས་ཇེ་ཆེར་བཏང་ནས།   དུས་རབས་གསར་བའི་རོང་འབྲོག་མང་ཚོགས་ཀྱི་སྐྱེ་སྟོབས་ཀྱི་དཔལ་དང་གསོན་ཤུགས་ཀྱི་སྟོབས་ཀུན་ནས་རྒྱས་པའི་བསམ་བློའི་རྣམ་པ་ལེགས་པར་ངོམས། །


康巴卫视微信公众号

相关阅读