2023ལོའི་རྨ་ཆུའི་བུ་མོ་འགྲན་སྡུར་ཆེན་མོ་ལས་རྨ་ཆུའི་རིག་གནས་འོས་སྦྱོར་དཔོན་མོ10བདམས་ཐོན་བྱུང་།

来源:མཛོད་དགེ་རྫོང་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས།作者:དཔལ་མགོན།2023-07-06 11:38:11

3.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཛེས་སྡུག་ཡིད་དུ་འོང་བའི་བོད་རིགས་བུ་མོས། བོད་ཀྱི་རྒྱན་གོས་ཀྱི་གཟབ་མཆོར་ལེགས་པར་སྤྲས་ཤིང་སྙན་མོ་གླུ་ཡི་དབྱངས་རྟའི་འགྲོས་དང་བསྡོངས་ནས།   སྒེག་ཉམས་ལྡན་པར་གར་སྟེགས་སུ་དལ་གྱིས་ཤོམ་འགྲོ་བྱས།  ཟླ7པའི་ཚེས3ཉིན།  2023ལོའི་རྨ་ཆུའི་བུ་མོ་འགྲན་སྡུར་ཆེན་མོའི་ཐོག་མའི་འགྲན་སྡུར་མཛོད་དགེ་རྫོང་དུ་སྤེལ།   ངོ་མཚར་ཆེ་ཞིང་ཛ་དྲག་ལྡན་པའི་འགྲན་སྡུར་བརྒྱུད་།   འགྲན་ཞུགས་མཛེས་མ10རྟིང་རྩོད་དུ་ཚུད།  ཁོ་ཚོ་མི་འགྱངས་པར་རྨ་ཆུའི་རིག་གནས་འོས་སྦྱོར་དཔོན་མོར་འགྱུར།

4.jpg

8.jpg

      ཐེངས་འདིའི2023ལོའི་མཛོད་དགེའི་རྨ་ཆུའི་རྩྭ་ཐང་ཆེན་མོའི་རིག་གནས་ཡུལ་སྐོར་དུས་སྟོན་གྱི་རྨ་ཆུའི་བུ་མོ་འགྲན་སྡུར་ཆེན་མོ་དེར།  མཛོད་དགེ་རྫོང་མི་དམངས་སྲིད་གཞུང་དང་སི་ཁྲོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་གཙོ་འགན་ཁུར་ཏེ། ཟླ5པའི་ཚེས16ཉིན་མགོ་བརྩམས་པ་ནས་བཟུང་།   རྨ་ཆུའི་བཞུར་རྒྱུད་ཀྱི་ཞིང་ཆེན9ཡིས་དོ་ཁུར་ཆེན་པོར་གནང་སྟེ།   སི་ཁྲོན་དང་མཚོ་སྔོན།  ཀན་སུའུ།   ཧྲན་ཞི།  སྲན་ཞི།  ཉིང་ཞ།  ཧྲན་ཏུང་།  ནང་སོག   ཧོ་ནན་བཅས་ཞིང་ཆེན9ཡི་འགྲན་ཞུགས་པས་མིང་ཐོ་བཀོད་ཅིང་།   བསྡོམས་པའི་མི་གྲངས758ཡིས་བློ་འདྲི་གནང་།  ཁོ་ཚོའི་ཁྲོད་སློབ་མ་དང་དགེ་རྒན།   གཞུང་ཞབས་པ།  རང་མོས་ལས་གཏོད་པ་སོགས་ཡོད་ལ།   བོད་རིགས་དང་ཆའང་རིགས།   ཧུའེ་རིགས།   རྒྱ་རིགས་སོགས་ཀྱི་མི་རིགས་འདུས།

7.jpg

9.jpg

དབང་ཐོབ་ཅན་གྱི་འཕྲིན་སྦྱོར་བ་དང་རིག་གནས་ཡུལ་སྐོར་ཆེད་མཁས་པ།   ཆེད་ལས་ཞབས་བྲོའི་དཔྱད་འདེམས་པ།   ཆེད་ལས་རོལ་དབྱང་དཔྱད་འདེམས་པ་བཅས་ཀྱིས་ཡུལ་དངོས་ནས་དཔྱད་འདེམས་གནང་བ་བརྒྱུད།   འགྲན་ཞུགས་མཛེས་མ50ལ་ཐོག་མའི་འགྲན་སྡུར་གྱི་ཐོབ་ཐང་ཐོབ།  ཟླ7པའི་ཚེས2ནས3ཉིན་གྱི་བར།  འགྲན་ཞུགས་མཛེས་མ50ཡིས་ཐོག་མའི་འགྲན་སྡུར་དང་བསྐྱར་འགྲན་ཁྲོད་རང་ཉིད་མཚམས་སྦྱོར་དང་།  འཇོན་ནུས་ལེགས་ངོམ།  ཤོམ་འགྲོ་དང་སྐབས་བསྟུན་ལན་འདེབས་བཅས་ཀྱི་རིམ་པ་བརྒྱུད་དེ།   རང་ཉིད་ཀྱི་ཁྱད་ནུས་ལེགས་པར་ངོམས་ཤིང་སྒེག་ཉམས་ལེགས་པར་བསྟན།  མཐར་འགྲན་ཞུགས་མཛེས་མ10ཀུན་ལས་འབུར་དུ་ཐོན་བྱུང་།   ཁོ་ཚོ་མི་འགྱངས་པར་རྨ་ཆུའི་རིག་གནས་འོས་སྦྱོར་དཔོན་མོར་གྱུར་རྗེས།   ཆེད་ལས་གསོ་སྦྱོང་གནང་བ་བརྒྱུད།  ཟླ7པའི་ཚེས15ཉིན་མཛོད་དགེར་སྤེལ་འཆར་ཡོད་པའི་སྤྱིའི་རྟིང་རྩོད་འགྲན་སྡུར་དུ་ཞུགས་རྒྱུ་རེད། །


康巴卫视微信公众号

相关阅读