ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2025ལོའི་རྒྱལ་ཡོངས་ཀྱི་རབ་འབྱམས་ཞིབ་འཇུག་སློབ་མ་བསྡུ་བའི་རྒྱུགས་སྤྲོད་དེ2024ལོའི་ཟླ12པའི་ཚེས21ཉིན་ནས་ཚེས22ཉིན་བར་སྤེལ་རྒྱུ་དང་། མིང་ཐོ་འགོད་མཁན་མི་གྲངས་ཁྲི388ཟིན་ཡོད། ཚེས21ཉིན་གསར་འགོད་པས་སློབ་གསོ་པུའུ་ནས་ཤེས་གསལ་ལྟར་ན། ཉེ་ཆར་སློབ་གསོ་པུའུ་ཡིས་རྒྱལ་ཁབ་སློབ་གསོའི་གཅིག་གྱུར་ཡིག་རྒྱུགས་ལས་དོན་གྱི་པུའུ་དབར་གྱི་མཉམ་འབྲེལ་ཚོགས་འདུའི་འབྲེལ་ཡོད་ཁོངས་མིའི་ཚན་པ་དང་མཉམ་དུ། 2025ལོའི་རྒྱལ་ཡོངས་ཀྱི་རབ་འབྱམས་ཞིབ་འཇུག་སློབ་མ་བསྡུ་བའི་ཡིག་རྒྱུགས་བདེ་འཇགས་ལས་དོན་གྱི་བརྙན་འཕྲིན་ཚོགས་འདུ་འཚོགས་ནས་ཡིག་རྒྱུགས་བདེ་འཇགས་ལས་དོན་ཡག་པོ་བསྒྲུབ་པར་ཕྱོགས་ཡོངས་ནས་སྐུལ་སློང་དང་བཀོད་སྒྲིག་བྱས།
ཚོགས་འདུའི་ཐོག་ས་གནས་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག སློབ་བསྡུ་ཚན་པ་ཁག་བཅས་ཀྱིས་ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་དང་། “ཇི་མ་ཇི་བཞིན་དུ་དོན་འཁྱོལ་བྱེད་པར་དམ་འཛིན་དང་། ཐོག་ལྟར་དྲག་ལ་རླུང་ལྟར་མྱུར་བའི་སྒོ་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་པ། དམ་པ་དོན་གཉེར་གྱིས་དོན་འཁྱོལ་ལ་དམ་འཛིན། ལས་དོན་སྒྲུབ་ཕོད་པའི་སྒོ་ནས་དོན་འཁྱོལ་ལ་དམ་འཛིན”བཅས་ཀྱི་བྱ་བའི་བླང་བྱ་གཞིར་བཟུང་། གཟེར་མ་འདེབས་པའི་སྙིང་སྟོབས་ཀྱིས་བཀོད་སྒྲིག་དོན་འཁྱོལ་ལ་དམ་འཛིན་དང་ལྟ་སྐུལ་ཞིབ་བཤེར་བྱས་ཏེ། ཞིབ་འཇུག་སློབ་མའི་རྒྱུགས་སྤྲོད་བདེ་འཇགས་ཀྱི་བྱ་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
ཡོང་ཁུངས། : ཞིན་ཧྭ་དྲ་བ། རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།
康巴卫视微信公众号