ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9པའི་ཚེས4ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས2023ལོའི་ཀྲུང་གོའི་རྒྱལ་སྤྱིའི་རིག་ནུས་ཐོན་ལས་འགྲེམ་སྟོན་ཚོགས་འདུ་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས།
ཞི་ཅིན་ཕིང་གིས་བསྟན་དོན། མིག་སྔར། དྲ་སྦྲེལ་དྲ་བ་དང་གཞི་གྲངས་ཆེན་མོ། སྤྲིན་རྩིས་རྒྱག མིས་བཟོས་རིག་ནུས། ཚན་ཚན་ཕྲེང་འབྲེལ་སོགས་ལག་རྩལ་གསར་པའི་འགྱུར་ལྡོག་གཏིང་ཟབ་བྱུང་བཞིན་ཡོད་པ་དང་། ཐོན་ལས་གྲངས་ཀ་ཅན་དང་རིག་ནུས་ཅན། ལྗང་མདོག་ཅན་གྱི་ཚུལ་སྒྱུར་མུ་མཐུད་དུ་ཇེ་མགྱོགས་སུ་སོང་ནས། རིག་ནུས་ཐོན་ལས་དང་གྲངས་ཀའི་དཔལ་འབྱོར་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ལ། དེས་གོ་ལ་ཧྲིལ་བོའི་རྒྱུ་རྐྱེན་ཐོན་ཁུངས་ཀྱི་སྡེབ་སྒྲིག་རྣམ་པ་དང་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ། མི་དམངས་ཀྱི་འཚོ་བའི་རྣམ་པ་བཅས་ལ་འགྱུར་ལྡོག་ཆེན་མོ་བཏང་ཡོད། ཀྲུང་གོས་གྲངས་ཀའི་དཔལ་འབྱོར་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་བཞིན་ཡོད་པ་དང་། མུ་མཐུད་དུ་གྲངས་ཀའི་ལག་རྩལ་དང་དངོས་གཞི་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་གཏོང་བ་དང་། གྲངས་ཀ་ཐོན་ལས་ཅན་དང་ཐོན་ལས་གྲངས་ཀ་ཅན་ལ་མཐུན་སྦྱོར་སྐུལ་འདེད་བཏང་སྟེ། དྲ་རྒྱའི་སྟོབས་ལྡན་རྒྱལ་ཁབ་དང་གྲངས་ཀའི་ཀྲུང་གོ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་རྒྱུ་ཡིན། ཀྲུང་གོས་འཛམ་གླིང་གི་རྒྱལ་ཁབ་ཁག་དང་མཉམ་དུ། གྲངས་ཀའི་དུས་རབས་ཀྱི་འཕེལ་ཕྱོགས་གསར་བར་དམ་འཛིན་བྱས་ཏེ། གྲངས་ཀའི་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་བརྗེ་རེས་མཉམ་ལས་གཏིང་ཟབ་དུ་གཏོང་བ་དང་། རིག་ནུས་ཐོན་ལས་ཀྱི་གསར་སྐྲུན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དྲ་རྒྱའི་བར་སྟོངས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་མགྱོགས་མྱུར་ངང་འཛུགས་སྐྲུན་བྱས་ཏེ། ལག་གདང་མཉམ་སྦྲེལ་སྒོས་སྔར་བས་བདེ་སྐྱིད་མཛེས་སྡུག་གི་མ་འོངས་པ་གསར་སྐྲུན་བྱེད་འདོད་ཡོད།
2023ལོའི་ཀྲུང་གོའི་རྒྱལ་སྤྱིའི་རིག་ནུས་ཐོན་ལས་འགྲེམ་སྟོན་ཚོགས་འདུའི་བརྗོད་དོན་ནི་ཕྱོགས་བཞིའི་རིག་ནུས་གཅིག་ཏུ་བསྡུས་ནས་ལེགས་ཆ་ཡོད་ཚད་བསྡུ་རུབ་བྱེད་ཅེས་པ་དེ་ཡིན་ལ། ཉིན་དེར་ཁྲུང་ཆིན་གྲོང་ཁྱེར་དུ་མགོ་བརྩམས། །
康巴卫视微信公众号