རྒྱལ་ཁབ་སྤྱི་གླིང་གི་མཛེས་སྡུག་ཐོག་མར་མངོན་པ་དང“མཚོ་སྔོན་ཇུས་གཞི”བརྟན་བརླིང་ངང་ཡུན་རིང་དུ་རྒྱུན་འཁྱོངས་བྱས།

2022-10-14
499

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10བའི་ཚེས10ཉིན། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་བཙུགས་ནས་ལོ་འཁོར་གཅིག་ལོན་པའི་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་གྲོས་ཚོགས་ལ་ཞུགས་པ་མ་ཟད་གཏམ་བཤད། གཙམ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་དང་། མཚོ་སྔོན་ཞིང་ཆེན་དང་ནགས་ལས་དང་རྩྭ་ཐང་ཅུའུ། མཚོ་སྔོན་པོ་མཛེས་ལྗོངས་ཁུལ་དོ་དམ་ཅུའུ་། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུའུ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ། མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་། གཙང་གསུམ་འབྱུང་ཡུལ་རྒྱབ་ཁབ་སྤྱི་གླིང་ཞིབ་འཇུག་གླིང་བཅས་ཀྱིས་རང་གི་བྱ་བའི་དངོས་ཀྱི་འཕེལ་རིམ་ཕྱོགས་ནས་བརྗེ་རེས་བཞུགས་མོལ་གནང་བ་དང་། རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པའི་རང་བྱུང་སྲུང་སྐྱོང་ཁུལ་མ་ལག་འཛུགས་སྐྲུན་ཐད་ཧུར་ཐག་གིས་འཚོལ་ཞིབ་བྱས་ཏེ། བློ་གྲོས་བྱས་རྗེས་སུ་བཞག

LOCAL1665396033734P16HISQ00I.jpg

པར་འདི་ནི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་རྨ་ཆུའི་མགོ་ཁུངས་ཁུལ་ཡིན།

ཉེ་བའི་ལོ་འགའི་རིང་། མཚོ་སྔོན་ཞིང་ཆེན་གྱིས་ཚད་གཞི་མཐོ་བའི་སྐུལ་འདེད་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་ནགས་རྩྭ་ཅུའུ་དང་མཉམ་འབྲེལ་སྒོས་འཛུགས་སྐྲུན་བྱས་པ་བརྒྱུད། རྒྱལ་ཡོངས་ཀྱི་རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པའི་རང་བྱུང་སྲུང་ཁུལ་མ་ལག་འཛུགས་སྐྲུན་གྱི་དཔེ་སྟོན་ཞིང་ཆེན་གཅིག་པུ་རུ་གྱུར། སྤྱིའི་འཆར་འགོད་དང་ཆེད་དོན་འཆར་འགོད་སྒྲིག་བཟོ་བྱས་ནས། 《གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྲོལ་ཡིག(ཚོད་ལྟ)》དོ་དམ་བྱེད་ཐབས་དང་དོ་དམ་ཚད་གཞི། ལག་རྩལ་ཚད་གཞི་གཏན་འབེབས་བྱས་པ་དང་། རྒྱལ་སྤྱིའི་ཉམས་མྱོང་དཔྱད་གཞིར་འཛིན་པ་དང་། ཀྲུང་གོའི་གནས་ཚུལ་དང་མཐུན་པ། གཙང་གསུམ་འབྱུང་ཡུལ་གྱི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་སྤྱི་གླིང་ལམ་ལུགས་གསར་གཏོད་ཀྱི་བགྲོད་ལམ་ཞིག་གསར་གཏོད་བྱས།

ཉེ་བའི་ལོ་འགའི་རིང་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱས་པ་བརྒྱུད། མཚོ་སྔོན་ཞིང་ཆེན་གྱི་ཆུའི་ཐོན་ཁུངས་བསྡོམས་འབོར་མངོན་གསལ་གྱིས་ཇེ་མང་དུ་ཕྱིན་ནས། ལོ་ལྟར་ཆུ་སྐེད་དང་ཆུ་སྨད་རྒྱུད་དུ་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར600ཡན་ཟིན་པའི་སྤུས་ལེགས་ཆུ་སྐྱེལ་འདྲེན་བྱས་པས། འདམ་རའི་རྒྱ་ཁྱོན་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། སྔོ་ཁེབས་ཀྱི་ཚད་གཞི་མངོན་གསལ་གྱིས་མཐོ་རུ་ཕྱིན་པ་དང་། ནགས་ས་ཁྱབ་ཚད0.4%འཕར། རྩྭ་ཐང་གི་ཁྱབ་ཚད་དང་རྩྭ་ཐོན་ཚད་ལོ་བཅུའི་སྔོན་དང་བསྡུར་ན10%དང30%ཡན་མཐོ་རུ་སོང་ཡོད། “ས་ནག་ཐང་བཅོས་སྒྲིག”ཁུལ་དུ་སྔོ་ཁེབས་ཁྱབ་ཚད་དེ་བཅོས་སྒྲིག་མ་བྱས་གོང་གི20%ཡང་ཟིན་མེད་པ་ནས་བཅོས་སྒྲིག་བྱས་རྗེས་ཀྱི80%ཡན་མཐོ་རུ་ཕྱིན་ཡོད། མཚོ་སྔོན་ཞིང་ཆེན་གྱི་སྐྱེ་དངོས་སྣ་མང་རང་བཞིན་མངོན་གསལ་གྱིས་ཇེ་མང་དུ་ཕྱིན་པ་དང་། རི་སྐྱེས་སྲོག་ཆགས་འཚོ་སྡོད་ཁོར་ཡུག་མངོན་གསལ་གྱིས་ཇེ་ལེགས་སུ་སོང་། སྟོངས་ལ་ཉེ་བའི་སྲོག་ཆགས་རིགས་ཀྱི་གྲངས་འབོར་མངོན་གསལ་གྱིས་ཇེ་མང་དུ་ཕྱིན་ནས། གཙོད་ཀྱི་གྲངས་འབོར་ཉུང་མཐར་ཡང་ཁྲི2ཟིན་མེད་པ་ནས་ཁྲི་ལྷག་ཙམ་བར་ཇེ་མང་དུ་གྱུར། དགོ་དམར300ལྷག་ནས2700ལྷག་བར་ཇེ་མང་དུ་སོང་ནས། མདོ་ལ་རིང་མོའི་གསའ་བརྒྱ་ལྷག་ཙམ་ཇེ་མང་དུ་སོང་ཡོད། གཙོ་གནད་སྐྱེ་ཁམས་འཛུགས་སྐྲུན་ལས་གཞིའི་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་གི་གནས་ཚུལ་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་པ་དང་། སྐྱེ་ཁམས་མ་ལག་གི་ཞབས་ཞུའི་ནུས་པ་ཉིན་རེ་བཞིན་ཇེ་ཆེར་གྱུར། སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྔར་ལས་བརྟན་བརླིང་དུ་གྱུར་བ་བཅས་བྱུང་ནས“ཀྲུང་ཧྭའི་ཆུ་མཛོད”སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གྱུར།

ལིའུ་ཐའོ་ཡིས་འབྲེལ་ཡོད་སྡེ་ཁག་གིས་མཚོ་སྔོན་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་བའི་འབྲེལ་ཡོད་བཀོད་སྒྲིག་བླང་བྱ་ལྟར། ལྗང་མདོག་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་དང་སྐྱེ་ཁམས་མཛའ་མཐུན་སོགས“དེང་རབས་ཅན་དྲུག་གི་མཚོ་སྔོན་གསར་བའི”འབད་བརྩོན་དམིགས་འབེན་ལ་དམིགས་ཏེ། བདེན་འཚོལ་དངོས་གཉེར་གྱི་རྣམ་འགྱུར་དང་གཞན་ལ་མི་བརྟེན་པའི་འགན་འཁྲི་ཡིས་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་གྲུབ་འབྲས་གསར་ཐོབ་པར་མུ་མཐུད་དུ་སྐུལ་འདེད་གཏོང་དགོས། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གིས་སྔར་ལས་ལྷག་པར་ཀྲུང་དབྱང་སྡེབ་སྒྲིག་གཞུང་ལས་ཁང་དང་རྒྱལ་ཁབ་ནག་རྩྭ་ཅུའུ་ལ་ཡར་ཞུ་དང་འབྲེལ་གཏུག་བྱས་ཏེ། སྒྲིག་གཞི་བཀོད་སྒྲིག་ཇུས་འགོད་དང་སྤྱིའི་འཆར་འགོད་མགྱོགས་མྱུར་ངང་མཆོག་མཆན་ཐོབ་པར་བརྩོན་ལེན་བྱས་ཏེ། སྔ་མོ་ནས་གཏན་ཁེལ་གསུམ་གྱི་ལས་དོན་ཞིབ་འཇུག་བྱེད་པ་དང་། ལས་ཁུངས་དང་འགན་འཁྲི། སྡེབ་སྒྲིག་བཅས་དུས་ཐོག་ཏུ་དོན་འཁྱོལ་བྱེད་པར་ཁག་ཐེག་བྱེད་དགོས། མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་གིས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ཉམས་མྱུར་དཔྱད་གཞིར་བཟུང་སྟེ། སྔར་ལས་ལྷག་པར་ཚོད་ལྟའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རྒྱ་བསྐྱེད་དགོས། སྐྱེ་ཁམས་སྲུང་སྐྱོང་དོ་དམ་མ་ལག་འཐུས་ཚང་དུ་བཏང་ནས། ས་གནས་སྲིད་གཞུང་དང་ཞིང་ཆེན་ཐད་གཏོགས་སྡེ་ཁག་བར་གྱི་མཐུན་སྦྱོར་གཏིང་ཟབ་ཏུ་བཏང་ནས། གནམ་ས་གཅིག་གྱུར་ཅན་གྱི་ལྟ་ཞིབ་བཀག་སྡོམ་མ་ལག་འཐུས་ཚང་དུ་གཏོང་དགོས་ལ། སྡེ་ཁུལ་ཉམས་སྐྲུན་མཉམ་འཛིན་མཉམ་སྤྱོད་ལམ་ལུགས་ཇེ་ལེགས་སུ་བཏང་ནས། སྤྱི་གླིང་དངོས་སུ་འཛུགས་པར་རྨང་གཞི་བརྟན་པོ་གཏོང་དགོས། མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གིས་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡིས་ཆོག་མཆན་བཀོད་པའི་གཙོ་གནད་ལས་འགན8དང་རྒྱལ་ཁབ་སྤྱི་གླིང་འཛུགས་པའི་ཕྱོགས་སྟོན་ལྟར། འཛུགས་སྐྲུན་ཇུས་གཞི་མགྱོགས་མྱུར་གྱིས་འཐུས་ཚང་དུ་བཏང་ནས། རིམ་པ་ལྟར་དཔར་འགྲེམ་དང་ལག་བསྟར་བྱེད་དགོས་ལ། རྩིས་ཐོ་བཙུགས་ཏེ། འཛུགས་སྐྲུན་བྱ་བར་སྐུལ་འདེད་བྱས་པ་བརྒྱུད། 2024ལོར་སླེབས་དུས་འཛུགས་སྐྲུན་ལས་འགན་སོ་སོ་ཡོངས་སུ་ལེགས་འགྲུབ་འབྱུང་བར་བརྩོན་ལེན་བྱེད་དགོས་པར་བསྟན།  །


  • 顶 0