དཀར་མཛེས་ཁུལ་གྱི་ས་ཁོངས་ཧྲིལ་པོ་ལ།མཛེས་སྡུག་ངོ་མཚར་ལྟ་བས་ཆོག་མི་ཤེས།

2022-08-19
0

    དཀར་མཛེས་ཁུལ་གྱི་ས་ཁོངས་ཧྲིལ་པོ་ལ།མཛེས་སྡུག་ངོ་མཚར་ལྟ་བས་ཆོག་མི་ཤེས།

གེ་མོ་རྩྭ་ཐང་།

  ད་ལོའི་སྤྱི་ཟླ་བ6པའི་ཟླ་མཇུག་ཏུ་ཁུལ་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་ཚོགས་ཆེན་དེ་འདབ་པ་རྫོང་དུ་འཚོགས་པ་རེད། ཚོགས་འདུའི་ཐོག་བཏོན་དོན། དཀར་མཛེས་ཁུལ་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་གྱི་དམིགས་ས་གལ་ཆེན་འཛུགས་སྐྱོང་བྱ་རྒྱུ་དམིགས་ཡུལ་དུ་བཟུང་སྟེ། འཕྲེད་གཅོད་ཆེན་པོ་དང་མཉམ་འདྲེས་ཆེན་པོ། མཛེས་ལྗོངས་ཆེན་པོ་བཅས་ཀྱིས་གཙོ་བོ་བྱས་ཏེ་རྒྱལ་སྲུང་གཞུང་ལམ318པ་བརྒྱུད་ཡུལ་དེ་ཀྲུང་གོའི་ཆེས་མཛེས་པའི་ལྗོངས་ཁུལ་གཞུང་ལམ་དང་རྒྱལ་སྲུང་གཞུང་ལམ317བརྒྱུད་ཡུལ་དེ་མཐོ་སྒང་དར་སྐུད་གནའ་ལམ་གྱི་རིག་གནས་བགྲོད་ལམ་གཙོ་བོར་བཞག་པ་རེད། ས་ཁོངས་ཧྲིལ་པོ་ནི་དངོས་མང་བཤམས་སྟོན་ཁང་གི་ཁུལ་གཏོད་རྒྱུ་ཡིས་རྨང་གཞི་བྱས་ཏེ་འདབ་པའི་གནམ་དཔྱད་གནའ་རྫས་རྟོག་ཞིབ་སྤྱི་གླིང་གཏོད་རྒྱུའི་འཆར་གཞི་གསར་པར་བྱས་ཤིང་། སེམས་ཀྱི་ཉི་ཟླ་དང་གངས་དཀར་ཆེ་མོ། ཁམས་པའི་རིག་གནས། གསར་བརྗེའི་རིག་གནས་སོགས་ལྟེ་གནས་ཐོན་ཁུངས་ལ་བརྟེན་ནས་ས་ཁོངས་ཧྲིལ་པོའི་འཕེལ་རྒྱས་དང་དམངས་ཕན་དམངས་ཕྱུག་གི་དེང་རབས་རིག་གནས་དང་ཡུལ་སྐོར་ཐོན་ལས་མ་ལག་ཅིག་གསོ་སྐྱོང་བྱ་རྒྱུ་ཡིན་པ་རེད།

དཀར་མཛེས་ཁུལ་གྱི་ས་ཁོངས་ཧྲིལ་པོ་ལ།མཛེས་སྡུག་ངོ་མཚར་ལྟ་བས་ཆོག་མི་ཤེས།

མཛེས་སྡུག་ལྡན་པའི་ཞིང་སྡེ།

     ཉེ་བའི་ལོ་ཤས་རིང་། དཀར་མཛེས་ཁུལ་གྱིས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་མཁོ་སྤྲོད་སྟོབས་ཆེར་གཏོང་བ་དང་།སྤུས་དག་ཐོན་པ། གཡུལ་ས་བརྟན་དུ་གཏོང་བ་དང་ཤུགས་རྐྱེན་ཆེ་རུ་གཏོང་བ་བཅས་ཀྱི་བརྗོད་དོན་གཙོ་བོར་དམིགས་ཏེ་བཅོས་བསྒྱུར་གསར་གཏོད་དང་། འཆར་འགོད་སྣེ་ཁྲིད། ཐོན་ཁུངས་མཉམ་འདྲེས། སྒོ་འབྱེདམཉམ་ལས། སྤུས་རྟགས་གཏོད་པ་བཅས་ལ་སྤྱི་འདོམས་སྐུལ་འདེད་བྱས་ནས་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མྱུར་བགྲོད་ལམ་བུའི་ཐོག་བརྟན་པོའི་ངང་བསྐྱོད་དང་སྐྱོད་བཞིན་ཡོད་པ་རེད།

    མཛེས་སྡུག་ལྡན་པའི་དཀར་མཛེས་ནི་ས་གནས་ཁག་གི་ཡུལ་སྐོར་བས་ཡིད་སྨོན་བྱེད་སའི་གནས་མཆོག་ཞིག་ཏུ་གྱུར་དང་འགྱུར་བཞིན་ཡོད་པ་རེད།

དཀར་མཛེས་ཁུལ་གྱི་ས་ཁོངས་ཧྲིལ་པོ་ལ།མཛེས་སྡུག་ངོ་མཚར་ལྟ་བས་ཆོག་མི་ཤེས།

ཉག་ཆུ་འབབ་རྒྱུད།

དཀར་མཛེས་ཁུལ་གྱི་ས་ཁོངས་ཧྲིལ་པོ་ལ།མཛེས་སྡུག་ངོ་མཚར་ལྟ་བས་ཆོག་མི་ཤེས།

རྩྭ་ཐང་ཐོག་གི་བྱིས་པ།

དཀར་མཛེས་ཁུལ་གྱི་ས་ཁོངས་ཧྲིལ་པོ་ལ།མཛེས་སྡུག་ངོ་མཚར་ལྟ་བས་ཆོག་མི་ཤེས།
ཞིང་སྡེའི་ཞོགས་པའི་མཛེས་ལྗོངས།


  • 顶 0