གཅིག གཤམ་གྱི་ཐ་སྙད་ལ་འགྲེལ་རྒྱོབ།
མཐའ་འཁོབ ཀྱོ་བ
སྲོག་བསྡོས སྤུད་པ
ཞེད་སྣང བྱོལ་སོང
སྙོན་མེད འཁང་ར
གཉིས གཤམ་གྱི་མངོན་བརྗོད་དག་ངོས་འཛིན་བྱོས།(སྐར༦)
དྲི་བཞོན སྤྲིན་གྱི་མེ་ཏོག
ལྷ་ལམ དབྱར་སྐྱེས་རྔ
འཛིན་མ གསེར་ལྡན་ལྗོངས
གསུམ། ༡ ཕྲད་ཁ་སྐོངས།(སྐར༡༠)
གླུ་ནི་བོད་རིགས་མི་དམངས་ཀྱི་ངལ་རྩོལ་དང་འཚོ་( )ཁྲོད་ནས་རང་( )བློ་གློས་( )བརྟེན་ནས་གསར་རྩོམ་བྱས་པ་དང་། ཁོ་ཚོ་ཐུན་མོང་( )གསར་རྩོམ་བྱས་པའི་ངག་ཐོག་གི་སྙན་ངག་( )ཡིན་ལ། བོད་( )རྩོམ་རིག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་མ་ཟད། རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་( )ཡིན། དེ་( )འཆར་ཡན་གྱི་བློ་( )རྩེད་མཚར་གྱི་ཉམས་ལ་བརྟེན་( )མི་རྣམས་ཀྱི་བསམ་བློ་དང་ཡིད་ཤེས། དགའ་སྐྱོ་ཆགས་སྡང་སོགས་མཚོན་གྱིན་ཡོད་པ་རེད།
༢ དོན་ཁ་སྐོངས།(སྐར༡༥)
(༩)གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོས་ཀོང་པོ་སྨན་ལུང་དུ་( )ཐོག་མར་བཙུགས། སློབ་ཡུན་ལོ་( )གཏན་འབེབ་བྱས་ལ། 《 》སློབ་གཞི་གཙོ་བོ་བྱས།
(༢)མིང་རྒྱལ་རབས་ཀྱི་གོང་མ་ཡུང་ལོས་བོད་ཡིག་གི་( )ཆ་ཚང་པེ་ཅིན་དུ་པར་སྐྲུན་བྱས་ཏེ། སྐབས་དེར་བོད་ས་གནས་སུ་སྐད་གྲགས་ཡོད་པའི་ཆོས་ལུགས་མི་སྣ་( )དང་ཀརྨ་པ། ( )གསུམ་ལ་ཆ་ཚང་རེ་བསྐུར་བ་དེས་བོད་ས་གནས་སུ་པར་སྐྲུན་གྱི་ལག་རྩལ་དར་བའི་སྒོ་མོ་ཕྱེས།
(༣)ཏེ་དེ་སྟེ་གསུམ་ལྷག་བཅས་ཏེ། ། མཚམས་སྦྱོར་( )གཞན་གསུམ། ། ད་( )ན་ར་ལ་( )། ། ག་ང་བ་མ་འ་རྣམས་དང་། ། རྗེས་འཇུག་མེད་མཐར་( )འཐོབ་བོ། །
(༤)དཔེ་ཅན་གྱི་( )དེ་ཉིད་དཔེ་ལ་ཡོད་སྙམ་པའི་ང་རྒྱལ་ཡོད་པ་ལྟ་བུར་སྒྲོ་བཏགས་ནས། དེའི་ང་རྒྱལ་འགོག་པའི་ཆེད་དུ་( )གཞན་ཞིག་འགོད་པ་དེ་ནི་( )དཔེ་ཡིན།
(༥)《དགེ་ལྡན་ལེགས་བཤད》་ཀྱི་རྩོམ་པ་པོ་ནི་( )ཡིན་ཞིང་། ལེགས་བཤད་འདི་ནི་( )ལ་དཔེ་བྱས་ནས་བརྩམས་པ་ཡིན།
བཞི གདམ་གསེས།(སྐར༧.༥)
༡ བོད་འབངས་ཀྱི་དབུལ་ཕྱུག་ལན་གསུམ་ལ་སྙོམས་མཁན་ནི་( )ཡིན།
ཀ སྲོང་བཙན་སྒམ་པོ། ཁ མུ་ནེ་བཙན་པོ ག ཁྲི་སྲོང་ལྡེ་བཙན། ང གླང་དར་མ།
༢ ད་ལྟའི་བོད་ཀྱི་ཡིག་གཟུགས་འབྲི་སྲོལ་འདི་ནི་( )ཡི་ཕྱག་རྒྱུན་ཡིན།
ཀ སློབ་དཔོན་ཐོན་མི། ཁ སྲོང་བཙན་སྒམ་པོ། ག ཁྱུང་བོ་གཡུ་ཁྲི།
༣ དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ལག་ལེན་གསར་དུ་བཏོད་མཁན་ནི་( )ཡིན།
ཀ གཡུ་ཐོག་ཡོན་ཏན་མགོན་པོ། ཁ བྱང་བ་རྣམ་རྒྱལ་གྲགས་བཟང་།
ག མཁས་གྲུབ་ཨོ་རྒྱན་པ། ང ཟུར་མཁར་མཉམ་ཉིད་རྡོ་རྗེ།
༤ ས་བོན་བཏབ་སྟེ་སྐྱེས་ལྟ་བུ་ནི་( )ཡིན།
ཀ མཚམས་སྦྱོར་ལྷག་བཅས། ཁ ངེས་ཚིག་འདྲེན་པའི་ལྷག་བཅས།
ག དབྱེ་བ་འདྲེན་པའི་ལྷག་བཅས། ང རྒྱུ་མཚན་འདྲེན་པའི་ལྷག་བཅས།
༥ འོ་མ་འཐུང་ངམ་ཞོ་འཐུང་ཞེས་པའི་འབྱེད་སྡུད་ཀྱི་ཕྲད་ནི་( )ལ་འཇུག
ཀ འབྱེད་པ། ཁ གདམ་ང་། ག ཐེ་ཚོམ། ང དྲི་བ།
ལྔ བརྡར་ཤ་ཆོད།(སྐར༧.༥)
༡པོ་ཏ་ལ་ནི་ཕོ་བྲང་དམར་པོ་དང་ཕོ་བྲང་དཀར་པོ་གཉིས་ཀྱིས་གྲུབ་པ་ཡིན།( )
༢ རི་དྭགས་རྔ་མ་བསྟན་ནས་ནི༎ ཁྲེལ་འདས་བོང་བུའི་ཤ་དག་འཚོང་༎ཞེས་པའི་ནི་སྒྲ་ནི་ངེས་བཟུང་ལ་འཇུག ( )
༣ མཛའ་གྲོགས་ཟེར་ཀྱང་ལྐོག་ནས་སླུ་ཞེས་པ་ནི་མཐུན་པའི་ཚིག་རྒྱན་ཡིན།( )
༤ ཁྱོད་ཀྱི་གདོང་བཞིན་ཆུ་སྐྱེས་ཏེ།། ཆུ་སྐྱེས་བཞིན་དུ་ཁྱོད་ཀྱི་ཞལ༎ཞེས་པ་ནི་ཕན་ཚུན་གྱི་དཔེའི་རྩ་བའི་དཔེར་བརྗོད་ཡིན། ( )
༥ གློག་གི་འོད་ཅེས་པ་ནི་ཁྱད་གཞི་དང་ཁྱད་ཆོས་ཀྱི་འབྲེལ་བ་ཡིན། ( )
དྲུག གཤམ་གྱི་ཚིག་གི་བསྟན་དོན་ཤོད།(སྐར༡༠)
༡ གླང་བོ་ལ་སོགས་སྲོག་ཆགས་བཞི༎
འཛོམས་ནས་བསླབ་ཁྲིམས་བཅས་ལ་ལྟོས༎
བསྟན་དོན་ནི་
༢ མཁས་པ་རང་གིས་དཔྱོད་ཤེས་ཀྱི༎བླུན་པོ་གྲགས་པའི་རྗེས་སུ་འབྲང་༎
ཁྱི་རྒན་གུ་ཅོ་འདོན་པ་ན༎ རྒྱུ་མཚན་མེད་པར་གཞན་དག་རྒྱུག།
བསྟན་དོན་ནི
བདུན། དཔེ་བརྗོད་བཀླགས་ཏེ་དྲི་བར་ལན་ཐོབས།(སྐར༡༢)
སྦྲང་རྩིའི་རོ་ལ་སྲེད་པའི་རྐང་དྲུག་བཞིན༎
ལེགས་བཤད་འཚོལ་རྣམས་མཁས་པའི་མདུན་སར་རྒྱུ༎
ལེགས་བཤད་དོན་དུ་གཉེར་བ་དེ་རྣམས་བཞིན༎
སྦྲང་བུ་རྣམས་ནི་པད་མའི་ཚལ་དུ་འགྲོ༎
༡ འདི་ནི་རྒྱན་གང་གི་དཔེར་བརྗོད་ཡིན།
༢ དཔེ་བརྗོད་འདིའི་ནང་གི་དཔེ་གང་དང་དཔེ་ཅན་གང་ཡིན།
༣ དཔེ་དང་དཔེ་ཅན་གཉིས་ཀྱི་མཚུངས་ཆོས་གང་ཡིན།
བརྒྱད། རྩོམ་འབྲི།
རང་ལ་ཆེས་ཤ་ཚ་བའི་གཉེན་ཉེ་གང་རུང་ཞིག་གི་བརྩེ་སེམས་བརྗོད་བྱ་བྱས་ཤིང་། ཁ་བྱང་རང་གིས་བཀོད་ནས་རྩོམ་ཡིག་ཅིག་ཕྲིས།
རྩོམ་འབྲིའི་རེ་འདུན།
༡ མི་སྣའི་གཟུགས་དབྱིབས་དང་གཏམ་སྤྱོད་ཞིབ་འབྲི་བྱོས།
༢ ཚིག་སྦྱོར་བདེ་ཞིང་དོན་གསལ་བ། དག་ཆ་ལྡན་པ་ཞིག་ཡིན་དགོས།
༣ ཚེག་ཁྱིམ་སུམ་བརྒྱའི་ཡན་ལོང་དགོས།
འཕྲིན་སྟེགས། weikangba