པདྨ་བསམ་འགྲུབ། ཚངས་མགུར་དང་ཟློས་པའི་དབྱངས།

2018-08-02

ཁོ་ནི་ཚངས་མགུར་གཙོར་བྱས་པའི་དམངས་གཞས་རིགས་ལེགས་སྒྲིག་སྒོས་ལེན་པར་མཁས་པའི་གླུ་པ་རང་རྐྱ་ཐུབ་པ་ཞིག་ཡིན། ཁོའི་གླུ་སྐད་ན་ཚངས་མགུར་གྱི་སྙན་ཆ་ཡོད་ལ། ཚངས་མགུར་གྱི་གསང་བའི་གཏམ་རྒྱུད་ཀྱང་ཡོད།  ཁོ་ནི་ཐེངས་འདིའི་དགའ་སྤྲོའི་ཕོ་ཉ་གླུ་སྐད་ན་གཏམ་རྒྱུད་ཞུགས་པའི་གཞས་པ་པདྨ་བསམ་འགྲུབ་ཡིན།

  གཟའ་འཁོར་འདིའི་དགའ་སྤྲོའི་ཕོ་ཉ་ལེ་ཚན་དུ། པདྨ་བསམ་འགྲུབ་ཀྱིས་ཚངས་མགུར་གཙོར་བྱས་པའི་གླུ་གཞས་གསར་རྩོམ་གྱི་གཏམ་རྒྱུད་དྲོན་མོ་དང་། གླུ་གཞས་སྙན་མོ་འགའ་ཚང་མར་མཉམ་རོལ་བྱ་རྒྱུ་ཡིན་པས། སྐུ་ཉིད་ཀྱིས་དུས་ལྟར་གསན་གཟིགས་གནང་བར་དགའ་བསུ་ཞུ།  

  པདྨ་བསམ་འགྲུབ་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་ནས་འཚར་ལོངས་བྱུང་ཞིང་། ཕ་ཡུལ་ནས་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་འགྲིམས་རྗེས་རྒྱལ་ས་པེ་ཅིང་ལ་བསྐྱོད་དེ་གླུ་ལེན་གྱི་ལམ་ཁར་བུད། ད་ལྟའི་བར་སྔ་གཞུག་ཏུ་ཚངས་མགུར་འབྲེལ་བའི་ཆེད་སྒྲིག་བཞི་ལྷག་ཕུད།  

  ཚབ་མཚོན་རང་བཞིན་གྱི་བརྩམས་ཆོས་ལ་༼ཨོ་ལེན་ཕེ་ཁི༽་དང་༼ཚེ་སྲོག་ཡུན་ནས་བརྟན་པོར་གནས་ཤོག༽ ༼ཟླ་བ་གཡུ་མཚོ་༽༼ཨ་ཅེ་༽༼ཚངས་དབྱངས་རྒྱ་མཚོ་༽༼མ་ཕམ་གཡུ་མཚོ་གཡུ་རེད ༽་སོགས་ཡོད། 

  ཐེངས་འདིའི་དགའ་སྤྲོའི་ཕོ་ཉ་གཏོང་བའི་དུས་ཚོད། 

  གཟའ་སྤེན་པ། བོད་སྐད་ཐོག་གཏོང་།  19:02 

  བོད་སྐད་བསྐྱར་གཏོང་། 

  (ཕྱི་ཉིན།)6:30དང་7:50

  གཟའ་ཉི་མ། རྒྱ་སྐད་ཐོག་གཏོང་།

  རྒྱ་སྐད་བསྐྱར་གཏོང་།

  (ཕྱི་ཉིན།)6:30དང་7:50

 
<