རྟ་རྒྱུག་རོལ་རྩེད། རྟ་ཕོའི་བང་ཁ་འགྲན་ན་འདི་རྩེས་དང་།

2018-08-02

ཟླ་བརྒྱད་པའི་ལི་ཐང་གི་རྩྭ་ཐང་མཛེས་སྡུག་ལྡན་ལ། གསེར་མདོག་གི་ཉི་འོད་ས་གཞི་འཕྲོས་དུས། རྟ་བརྒྱ་བང་ལ་འགྲན་པའི་མཚར་ཉམས་དེ་ཅི་འདྲའི་བརྗིད་ཉམས་ལྡན་པ་ཞིག་རེད་ཨང་།

  ཁྱེད་ཀྱི་ཐོས་མྱོང་ངམ། ལི་ཐང་གི་སྐབས་གཉིས་པའི་ཚངས་དབྱངས་རྒྱ་མཚོའི་སྙན་ངག་དུས་ཆེན་གྱི་སྐབས་ལ། རྟ་རྒྱུག་འགྲན་སྡུར་དང་རྟ་རྩལ་འཁྲབ་སྟོན་ཡོད་རབས་ཟེར། ཁམས་པའི་ཕོ་རྒོད་དག་གིས་རྟ་ཕོའི་བང་ཁ་འགྲན་དུས། ཁྱེད་ལ་དེ་དང་མཉམ་དུ་སེམས་ཀྱི་རྟ་ཕོ་ཞིག་བཅིབས་པའི་ཚོར་འདུ་དྲག་པོ་ཞིག་ཡོད་དམ།

  ཁྱེད་ཀྱི་སྤང་ལྗོངས་སྔོན་མོའི་སྟེང་ནས་ཅང་ཤེས་རྟ་ཕོ་ཞོན་རྒྱུའི་རེ་བ་དེ་རྩོམ་སྒྲིག་པས་འགྲུབ་མི་ཐུབ་མོད། ང་ཚོ་མཉམ་དུ་རྟ་ཕོའི་བང་ཁ་ཞེས་པའི་རོལ་རྩེད་ཆུང་ཆུང་འདི་བརྒྱུད་དེ་སུ་ངར་ཅིག་ལྟ་ཡ།  

  རོལ་རྩེད་སྒྲིག་ལམ། 

  གཡས་གཡོན་དུ་བསྣུར་ནས་ཁ་བཏགས་དང་གཏད་དེ་རྒྱུག་ཁྲ་བརྒལ་ན་སྐར་མ་གཅིག་ཐོབ། རོལ་རྩེད་ཁྲོད་དུ་མཚམས་ལན་རེར་ཆུ་འཁྱིལ་ཡོད་པས། ཆུ་འཁྱིལ་དུ་སྤོས་ན་སེམས་རྟགས་གཅིག་མར་ཆག་གི་ཡོད་ལ། སེམས་རྟགས་གསུམ་པོ་མར་ཆག་ཚར་རྗེས་རོལ་རྩེད་མཇུག་རྫོགས་པ་རེད།

  མཉམ་འཇོག་བྱེད་དགོས་ས་ཞིག་ལ། ཁ་བཏགས་ལེན་དུས་རྒྱུག་ཁྲ་དང་གདོང་ཐུག་བརྒྱབ་ན་རོལ་རྩེད་ཐད་ཀར་མཇུག་རྫོགས་སྲིད། 

  རོལ་རྩེད་འཇུག་སྒོ། 

https://file205966caaa75.aiwall.com/v3/idea/n8v3fNAr 

  གོང་གི་རྩ་གཉིས་ཨང་གྲངས་བཤེར་འབེབས་བྱེད་པའམ་ཡང་ན་སྦྲེལ་ཐག་མནན་ཏེ། རང་ཉིད་དགའ་སའི་ཁོར་ཡུག་ཅིག་བདམ་ནས་དགའ་ཉེ་གྲོགས་པོ་དང་མཉམ་དུ་རོལ་རྩེད་རྩེས་དང་།  

  རྩོམ་སྒྲིག་པ། ལྷ་མོ་བཀྲ་ཤིས། 

  རྩོམ་སྒྲིག་འགན་ཁུར་པ། ཞང་ཞུང་། 

<