ལག་རྩལ་རྒྱུན་འཛིན། ལས་དར་དམངས་ཕྱུག

2021-03-03
0

ཉེ་བའི་ལོ་ཤས་རིང་། བོད་ཀྱི་སྲོལ་རྒྱུན་གྱི་མི་རིགས་ལག་ཤེས་ལས་རིགས་འཕེལ་རྒྱས་མྱུར་པོ་ཕྱིན་ཡོད། སྲོལ་རྒྱུན་གྱི་ལག་ཤེས་ཐོན་རྫས་འབོར་ཆེན་ཞིག་ལ་སྲོལ་རྒྱུན་གྱི་ལག་རྩལ་སོར་འཇོག་བྱས་པ་དང་དུས་མཚུངས་དེང་རབས་ཀྱི་དར་སོའི་ཁྱད་ཆོས་ཟམ་མི་ཆད་པར་བསྡུ་ལེན་བྱས་པས་ས་གནས་ཁག་གི་འཛད་སྤྱོད་པའི་དགའ་བསུ་ཐོབ་ཡོད། འབྲེལ་ཡོད་ཐོན་ལས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་མཁན་ཡོད་པ་མ་ཟད་ད་དུང་ཐོན་ལས་དང་། ལས་སྣོན། བྲིན་ཚོང་བཅས་གཞི་གཅིག་ཏུ་འདུས་པའི་ཐོན་ལས་འཁོར་འབྲེལ་བཙུགས་པས། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཞིང་འབྲོག་པས་ལས་གཏོད་ཕྱུག་འགྱུར་བྱེད་པར་སྐུལ་ཁྲིད་བྱེད་པའི་ཐབས་ལམ་ནུས་ལྡན་གྱི་གྲས་ཤིག་ཏུ་གྱུར་ཡོད། འདི་ནི་རྒྱལ་རྩེ་རྫོང་མྱང་སྟོད་ཤང་གི་ཉི་མ་བོད་རུམ་ལས་སྣོན་ཆེད་ལས་མཉམ་ལས་ཁང་གི་ལས་མིས་བོད་རུམ་འཐག་བཞིན་པ།


  • 顶 0