གནའ་བོའི་སྨར་ཁམས་ཚྭ་ཞིང་།

2021-02-26
0

འདི་ནི་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་འཇང་མི་རིགས་ཤང་ནས་པར་བླངས་པའི་གནའ་བོའི་ཚྭ་ཞིང་རེད། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་རྫ་ཆུའི་ངོགས་སུ་གནས་པའི་གནའ་བོའི་ཚྭ་ཞིང་དུ་ད་ལྟའི་བར་གདོད་མའི་ལག་ཤེས་ཚྭ་སྐམ་བྱེད་སྟངས་རྒྱུན་འཁྱོངས་བྱས་ཡོད། ཚྭ་ཞིང་ནི་རྫ་ཆུའི་ངོགས་གཉིས་སུ་རི་ལ་བརྟེན་ནས་བསྐྲུན་པ་དང་ཤིང་གི་ཀ་བ་མང་པོས་སྒྲོམ་བསྒྲིགས་ཏེ་དེའི་སྟེང་དུ་ཆུ་སིམ་ཤུགས་ཆེ་བའི་འདམ་ས་སྤྱད་ནས་བརྟན་ལ་སྙོམས་པར་བཏིང་ཡོད། ས་གནས་དེ་གའི་གྲོང་མིས་རྫ་ཆུའི་ངོགས་ཀྱི་ཚྭའི་ཁྲོན་པ་དང་ཚྭ་རྫིང་ནས་ཚྭ་ཆུ་བླངས་ཏེ་ཚྭ་ཞིང་ནང་བླུགས་པ་དང་ཉི་འོད་འོག་བསྐམས་རྗེས་ཉིང་བཅུད་ལས་ཚྭ་ཆགས་བཞིན་ཡོད། རྒྱང་རིང་ནས་བལྟས་ཚེ་ཚྭ་ཞིང་དག་གྲལ་སྒྲིག་པ་དང་ཚྭ་ཞིང་ནང་གི་ཚྭ་ཆུ་ནི་མེ་ལོང་དང་གཉིས་སུ་མ་མཆིས་པས་བརྗིད་ཆགས་མཛེས་སྡུག་ལྡན་པའི་མཛེས་ལྗོངས་ཤིག་ཏུ་གྱུར་ཡོད།


  • 顶 0