དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་སར་རིང་གློག་མཁོ་འདོན་འགན་ལེན་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱས་པ།

2021-02-26
0

དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་སར་རིང་གི་གློག་ཤུགས་མཁོ་འདོན་འགན་ལེན་བྱ་ཆེད། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིའི་ཞིབ་བཟོ་ཀུང་སིས་སྔོན་ཚུད་ནས་འཆར་འགོད་དང་བཀོད་སྒྲིག་ཞིབ་ཚགས་བྱས་ཏེ། ལས་མི་300ལྷག་ཙམ་དུས་ཆེན་རིང་ལས་གནས་བརྟན་སྲུང་བྱ་རྒྱུར་སྐུལ་སློང་གིས་གློག་མཁོ་འདོན་འགན་ལེན་ལས་དོན་ཡག་པོ་བསྒྲུབས་ནས་ལྗོངས་ཡོངས་ཁོངས་གཏོགས་ཀྱི་ཆན་ཧྥུའུ་500ཡི་གློག་སྒྱུར་ས་ཚིགས་9དང་། ཆན་ཧྥུའུ་220ཡི་གློག་སྒྱུར་ས་ཚིགས་12 དེ་བཞིན་ལྷ་སའི་བརྗེ་འགྱུར་ས་ཚིགས་བཅས་ཀྱི་འཁོར་སྐྱོད་བརྟན་པོས་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་སར་རིང་གི་གློག་མཁོ་འདོན་འགན་ལེན་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱས་ཡོད། འདི་ནི་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིའི་ཞིབ་བཟོ་ཀུང་སིའི་ལས་མི་གཉིས་ཀྱིས་མི་མེད་གནམ་གྲུ་སྤྱད་དེ་ཆན་ཧྥུའུ་220ཡོད་པའི་མོ་ཧྲན་རི་བོའི་གློག་སྐུད་ལ་སྐོར་ཞིབ་བྱེད་བཞིན་པ། 


  • 顶 0