དཀར་མཛེས་ཁུལ་གྱི་ཡུལ་སྐོར་འོས་སྦྱོར་དང་ཁུལ་བཙུགས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་ཡོངས་བསྒྲགས་ཚོགས་འདུ་ཁྲེན་ཏུའུ་རུ་འཚོགས།

2020-07-16
0

༄༅།།དཀར་མཛེས་ཁུལ་གྱི་ཡུལ་སྐོར་འོས་སྦྱོར་དང་ཁུལ་བཙུགས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་
ཞུ་བའི་བྱེད་སྒོའི་ཡོངས་བསྒྲགས་ཚོགས་འདུ་ཁྲེན་ཏུའུ་རུ་འཚོགས་པ།

མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་13ཉིན། དཀར་མཛེས་ཁུལ་གྱི་ཡུལ་སྐོར་ཐོན་རྫས་གསར་པ་དང་། ལམ་ཐིག་གསར་པ་འོས་སྦྱོར་དང་ཁུལ་བཙུགས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་གལ་ཆེན་གྱི་ཡོངས་བསྒྲགས་ཚོགས་འདུ་ཁྲེན་ཏུའུ་རུ་འཚོགས་པ་རེད།
  ཡོངས་བསྒྲགས་ཚོགས་འདུའི་ཐོག དཀར་མཛེས་ཁུལ་གྱི་རིག་གནས་རླུང་འཕྲིན་ཡུལ་སྐོར་ཅུས་ཀྱིས་ཁུལ་བཙུགས་ནས་ལོ་ངོ་70འཁོར་བ་སོགས་དུས་ཆེན་གྱི་བྱེད་སྒོ་གལ་ཆེན་འོས་སྦྱོར་ངོ་སྤྲོད་བྱས་པ་དང་། སྒེར་འཁོར་བཏང་ནས་ཡུལ་སྐོར་བྱེད་མཁན་གྲགས་ཅན་མི་སྣས་“དར་ལམ་དཀར་མཛེས་·ཁམས་བོད་གསང་ཡུལ”ཞེས་པའི་དཀར་མཛེས་བྱང་ལམ་རྒྱུད་ཀྱི་ཡུལ་སྐོར་ཐོན་ཁུངས་དང་ལམ་ཐིག་འོས་སྦྱོར་ངོ་སྤྲོད་བྱས་པ་རེད། དེ་དང་ཆབས་ཅིག དྲ་ཐོག་གི་གྲགས་ཅན་ཡུལ་སྐོར་བས་ཡུལ་དངོས་སུ་སྒེར་འཁོར་བཏང་ནས་ཡུལ་སྐོར་བྱེད་པའི་མྱོང་ཚོར་དང་གསང་ལྗོངས་ཁུལ་ཁག་གཅིག་གི་མཛེས་ལྗོངས་མཉམ་སྤྱོད་བྱས་པ་རེད།  
   “དཀར་མཛེས་བྱང་ལམ་རྒྱུད་ཀྱི་ཡུལ་སྐོར་ཐོན་རྫས་ལས་ལོ་རྒྱུས་ཡུན་རིང་དང་རིག་གནས་ཕུན་སུམ་ཚོགས་པའི་ཁྱད་ཆོས་མངོན་གྱི་ཡོད། སྡེ་དགེ་པར་ཁང་དང་། སེར་ཤུལ་བསང་དཀར་མ་ཎི་རྡོ་སྤུང་སོགས་རྒྱལ་ཁབ་རིམ་པའི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པ་འབོར་ཆེན་ཡོད་པ་དང་། དེ་བཞིན་གླིང་གེ་སར་དང་། ལྷ་མོ། པར་ཤིང་པར་འདེབས་ལག་རྩལ། བོད་སྨན་གྱི་ལུམས་སོགས་འཛམ་གླིང་རིམ་པའི་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ཡོད་པས། རིག་གནས་ཤུལ་བཞག་འདི་དག་དང་གངས་རི་དང་། མཚེའུ། འདམ་ར་སོགས་རང་བྱུང་ཐོན་ཁུངས་ཕན་ཚུན་འོད་མདངས་འཕྲོ་བཞིན་ཡོད། རིག་གནས་ཀྱི་གསང་བ་འཚོལ་ཞིབ་དང། རང་བྱུང་མཛེས་ལྗོངས་ཀྱི་གནས་མཆོག་ཤིག་དང་།  ཡུལ་སྐོར་བས་སྒེར་འཁོར་བཏང་ནས་ཡུལ་སྐོར་བྱེད་པའི་གདམ་ག་ཡག་ཤོས་དེའང་རེད། ”དཀར་མཛེས་ཁུལ་གྱི་རིག་གནས་རླུང་འཕྲིན་བརྙན་འཕྲིན་དང་ཡུལ་སྐོར་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་དཀར་མཛེས་ཁུལ་གྱི་གཞུང་ལམ་འགྲིམ་འགྲུལ་སོགས་ཀྱི་ཡུལ་སྐོར་སྒྲིག་ཆས་ཆ་ཚང་ལ་རྨང་གཞིའི་སྒྲིག་བཀོད་ལེགས་སུ་ཤུགས་ཆེན་ཕྱིན་ནས་དཀར་མཛེས་བྱང་རྒྱུད་ཀྱི་ཡུལ་སྐོར་ཐོན་རྫས་གསར་སྤེལ་ལ་སྟབས་བདེའི་ཆ་རྐྱེན་བསྐྲུན་ཡོད་པ་དང་།  “འགྲོ་ལམ་འགྲིམ་འགྲུལ་གྱི་ཆ་རྐྱེན་ཇེ་ལེགས་སུ་སོང་བས།  དྲི་མེད་དྭངས་གཙང་གི་དཀར་མཛེས་དེ་ཡུལ་སྐོར་བས་སྒེར་འཁོར་བཏང་ནས་ཡུལ་སྐོར་བྱེད་སའི་ལྷ་ཡུལ་ལྟ་བུར་གྱུར་ཡོད།
   ཤེས་རྟོགས་བྱུང་བར་གཞིགས་ན། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་ངོ་70འཁོར་བ་དང་། ཁུལ་བཙུགས་ནས་ལོ་ངོ་70རིང་གི་འཕེལ་རྒྱས་འགྱུར་ལྡོག་དང་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཕྱོགས་ཡོངས་ནས་མངོན་པར་བྱ་ཆེད། དཀར་མཛེས་ཁུལ་གྱིས་འདི་ལོའི་ཟླ་9པར“དཀར་མཛེས་གསར་པས་དྲིན་ཚོར་དང་དཔའ་མཛངས་རྟུལ་ཕོད་ངང་མདུན་སྐྱོད་བྱེད། བློ་སེམས་གཅིག་མཐུན་ངང་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཏེ། ཁུལ་བཙུགས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་རབ་དང་རིམ་པ་གཅིག་སྡུད་ཐོག་སྤེལ་རྒྱུ་ཡིན་པ་རེད། འདི་ལོའི་ལོ་སྨད་དུ་སི་ཁྲོན་དཀར་མཛེས་ཀྱི་རི་ཁུལ་རིག་གནས་ཡུལ་སྐོར་དུས་ཆེན་དང་། དར་མདོའི་རྒྱལ་སྤྱིའི་མཛའ་གཞས་དུས་ཆེན། ཕྱག་ཕྲེང་ཤམ་བྷ་ལ་སྒྱུ་རྩལ་དུས་ཆེན། བརྒྱད་ཟིལ་མཚོ་སྐོར་དུས་ཆེན། དུང་དཀར་ལུང་ཤུར་གྱི་འཁྱགས་རོམ་ཆུ་ཚན་དུས་ཆེན་སོགས་རིག་གནས་ཡུལ་སྐོར་དུས་ཆེན་གྱི་འདུ་ཚོགས་བྱེད་སྒོ་ཡང་སྔ་རྗེས་སུ་སྤེལ་རྒྱུ་རེད།

  • 顶 0