བོད་ལྗོངས་མཁའ་འགྲུལ་གྱིས་ལྷ་ས་ནས་ཁུན་མིང་དང་དེ་ནས་མང་གྲོང་བར་གྱི་མཁའ་ལམ་གཏོད་པ།

2020-07-15
0

༄༅།།བོད་ལྗོངས་མཁའ་འགྲུལ་གྱིས་ལྷ་ས་ནས་ཁུན་མིང་དང་དེ་ནས་མང་གྲོང་བར་གྱི་མཁའ་ལམ་གཏོད་པ།

ཀྲུང་གོ་གསར་འགྱུར་དྲ་བས་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་7ཚེས་11ཉིན་གྱི་ཆུ་ཚོད་12ཡས་མས་སུ། “དར་ཚོན་སྣ་ལྔ་”ཡིས་རྒྱན་པའི་གནམ་གྲུ་ཞིག་ཡུན་ནན་ཏེ་ཧོང་མང་གྲོང་གནམ་ཐང་དུ་བབས་པས། དེ་ཐོག་ནས་བོད་ལྗོངས་མཁའ་འགྲུལ་གྱི་ལྷ་ས་ནས་ཁུན་མིང་དང་། དེ་ནས་མང་གྲོང་བར་གྱི་མཁའ་ལམ་ཤར་གཏོང་ཐོག་མར་ལེགས་འགྲུབ་བྱུང་བ་མཚོན་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། མཁའ་ལམ་དེ་ནི་མཁའ་འགྲུལ་A319རྟགས་ཅན་གྱི་གནམ་གྲུས་འཕུར་རྒྱུ་ལག་བསྟར་བྱས་པ་དང་། གཟའ་འཁོར་རེའི་གཟའ་མིག་དམར་དང། ཕུར་བུ། སྤེན་པ་བཅས་ལ་ཐེངས་རེ་འཕུར་རྒྱུ་རེད།
    བོད་ལྗོངས་མཁའ་འགྲུལ་ཚོང་གཉེར་ཨུ་ལྷན་གྱི་མཁའ་ལམ་དྲ་རྒྱ་པུའི་ལས་དོན་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། མཁའ་ལམ་དེ་ནི་མཁའ་འགྲུལ་ཀུང་སིས་ལྷ་ས་ནས་མང་གྲོང་བར་འཕུར་བའི་ཐད་གཏོང་མཁའ་ལམ་ཐོག་མ་དེ་ཡིན་པ་རེད། “མཁའ་དབྱིངས་འཕུར་སྐྱོད་དུས་ཚོད་ཆུ་ཚོད་5ཙམ་ལས་མ་འགོར་བར་ལྷ་ས་ནས་ཡུན་ནན་གྱི་མཐའ་མཚམས་གྲོང་ཁྱེར་དུ་འཕུར་ཆོག་པས་འགྲིམ་འགྲུལ་མ་གནས་ཧ་ཅང་ཇེ་ཉུང་དུ་སོང་ཡོད་པ་རེད།  
    མང་གྲོང་ནི་ཡུན་ནན་ཞིང་ཆེན་གྱི་ཏེ་ཧུང་ཏའེ་རིགས་དང་ཅིང་ཕོ་རིགས་རང་སྐྱོང་ཁུལ་གྱི་ལྟེ་བའི་གྲོང་ཁྱེར་ཡིན། ཨེ་ཤེ་ཡ་ཤར་ལྷོའི་ཡུལ་སྲོལ་གོམས་གཤིས་ཟབ་མོ་ལྡན་པ་དང་ད་ཐེངས་ཀྱི་མཁའ་ལམ་ཤར་གཏོང་ཐུབ་པ་དེས་ས་གནས་གཉིས་ཀྱི་གཏན་ནས་མི་འདྲ་བའི་ཡུལ་སྐོར་ཐོན་ཁུངས་ཀྱིས་བོད་ལྗོངས་དང་ཡུན་ནན་ས་གནས་གཉིས་ཀྱི་ཡུལ་སྐོར་བར་ཡུལ་སྐོར་གྱི་བཀྲག་མདངས་འཚེར་ས་མང་པོ་བསྣན་རྒྱུ་རེད།
    བོད་ལྗོངས་མཁའ་འགྲུལ་གྱིས་བསྟན་པའི་མཁའ་ལམ་དེའི་ཞིབ་ཕྲའི་དུས་གཏན་གནམ་གྲུའི་དུས་ཚོད་གཤམ་གསལ། ལྷ་ས་ནས་ཆུ་ཚོད་07:45ཐོག་འཕུར་བ་དང་སྔོན་དཔག་བྱས་ན་ཆུ་ཚོད་10:05ཡི་ཐོག་ཁུན་མིང་དུ་འབྱོར་རྒྱུ་དང་། ཁུན་མིང་ནས་ཆུ་ཚོད་11:00ཐོག་འཕུར་རྒྱུའི་འཆར་གཞི་ཡོད་པ་དང་སྔོན་དཔག་བྱས་ན་ཆུ་ཚོད་12:10ཡི་ཐོག་མང་གྲོང་དུ་འབྱོར་རྒྱུ་རེད་།  མང་གྲོང་ནས་ཆུ་ཚོད་18:40ཡི་ཐོག་འཕུར་བ་དང་སྔོན་དཔག་བྱས་ན་ཆུ་ཚོད་19:45ཡི་ཐོག་ཁུན་མིང་དུ་འབྱོར་རྒྱུ་དང་། ཁུན་མིང་ནས་ཆུ་ཚོད་20:55ཡི་ཐོག་འཕུར་བ་དང་སྔོན་དཔག་བྱས་ན་ཆུ་ཚོད་23:45ཡི་ཐོག་ལྷ་སར་འབྱོར་རྒྱུ་རེད།

༄༅།།བོད་ལྗོངས་མཁའ་འགྲུལ་གྱིས་ལྷ་ས་ནས་ཁུན་མིང་དང་དེ་ནས་མང་གྲོང་བར་གྱི་མཁའ་ལམ་གཏོད་པ།

༄༅།།བོད་ལྗོངས་མཁའ་འགྲུལ་གྱིས་ལྷ་ས་ནས་ཁུན་མིང་དང་དེ་ནས་མང་གྲོང་བར་གྱི་མཁའ་ལམ་གཏོད་པ།

  • 顶 0