བྲིས་པའི་དགའ་ཚལ། ༼ ཁ། ༽

2020-07-10
235

དུས་རབས་བདུན་པའི་སྟོད་ཀྱི་ཆར། ཆོས་རྒྱལ་སྲོང་བཙན་སྒམ་པོའི་བཀའ་ཡི་བློན་པོར་གྱུར་པ་ཤེས་རབ་ཀྱི་རྣམ་དཔྱོད་རྫོགས་པའི་སློབ་དཔོན་ཐོན་མི་སམྦྷོ་ཊས་ངལ་བ་འཛེམ་མེད་ཀྱིས་རྒྱ་གར་འཕགས་པའི་ཡུལ་དུ་བྱོན་ནས་སློབ་དཔོན་རྣམ་གཉིས་གཙོས་མཁས་པ་དུ་མའི་མདུན་ནས་རིག་པའི་གནས་ལ་བུམ་པ་གང་བྱོའི་ཚུལ་དུ་གསོན་སྦྱོང་རྒྱ་ཆེ་མཛད། སླར་རང་ཡུལ་དུ་བྱོན་ནས་བོད་ཀྱི་ཡི་གེའི་སྲོལ་བཏོད། དེ་ནས་བཟུང་རིམ་གྱིས་གཟབ་ནས་འབྲི་དགོས་པའི་ཡིག་གཟུགས་ལ་གཟབ་མ་དང་ཤར་མར་བྲིས་ཆོག་པའི་ཡི་གེ་ལ་གཤར་མ་ཞེས་དམ་པ་དག་གིས་བརྡ་ཆད་མཛད། མགོ་འཐེན་ཡོད་མེད་ཀྱིས་དབུ་ཅན་དང་དབུ་མེད་ཀྱི་མིང་བཏགས། སྔོན་བྱོན་དམ་པ་དག་གི་བློ་གྲོས་ཀྱི་ཉིང་བཅུད་སྒྱུ་རྩལ་གྱི་རང་བཞིན་ལྡན་པའི་བོད་ཀྱི་ཡིག་གཟུགས་འདི་འབྲི་སྦྱོང་ལ་གོ་རིམ་ངེས་ཅན་ཞིག་བརྒྱུད་དགོས་ཏེ་དེ་ལ་གོ་རིམ་ལྡན་དགོས་པའི་ཚུལ་དང་སྔར་གྱི་ཡིག་མཁན་རྣམ་པས་ཚུལ་ཇི་ལྟར་དར་སྤེལ་བཏང་བ་ཐབས་གང་གིས་སྦྱོང་ཚུལ་ཏེ་རྣམ་པ་གསུམ་གྱིས་འཇུག་པར་བྱའོ། །

༼ ཁ་ཡི་འཐེན་ཆ། ༽

༡ ༽ མགོ་འབྲིང་ཚེག་བཞིའི་ཚད།

༢ ༽  དཔུང་པ་མགོ་ཕྱེད་ནས་བྱུང་།

༣ ༽ ལག་པ་མགོ་ཡི་གཉིས།

༤ ༽ སྦོ་གཉེན།

༥ ༽ ཟགས་མཆུ།


ས་སྐྱ་ལེགས་བཤད།
མཁས་པ་སློབ་པའི་དུས་ན་སྡུག།།
བདེ་བར་སྡོད་ལ་མཁས་མི་སྲིད།།
བདེ་བ་ཆུང་ལ་ཆགས་པ་དེས།།
ཆེན་པོའི་བདེ་བ་ཐོབ་མི་སྲིད།།

རྒྱ་ཆེ་བའི་རིགས་མཐུན་གྲོགས་པོ་རྣམ་པ། མཁྱེན་དཔྱོད་མཁའ་ལས་ཡངས་ཀྱང་བྲིས་གཟུགས་སྲིན་འབུའི་འགྲོ་རྗེས་ལས་མེད་ན་དཔའ་བོ་ལག་རྡུམ་གྱི་དཔེ་བཞིན་ཡིན་པས་རང་རེའི་མེས་པོས་ཤུལ་བཞག་སྲིད་ན་གཉིས་པ་མེད་པ་ལུགས་གཉིས་ལ་མེད་དུ་མི་རུང་བའི་བོད་ཀྱི་བྲིས་གཟུགས་འདི་རྒྱུན་སྐྱོང་ངམ་འབྲི་སྦྱོང་བྱེད་རྒྱུ་ནི་ང་ཚོར་མ་བགོས་ཕྲག་སྟེང་བབས་པའི་འོས་འགན་རང་རེད་འདུག གལ་ཏེ་གྲོགས་པོ་ཁྱེད་རང་བོད་ཀྱི་ཡིག་གཟུགས་ལ་ལེགས་པར་སྦྱོང་བའི་འདོད་མོས་ཀྱི་ཆུ་མིག་རྡོལ་ན་ངེད་ཁམས་པའི་བརྙན་འཕྲིན་གྱི་འཕྲིན་སྟེགས་ལ་དོ་ཁུར་གནང་དང་། དུས་རྒྱུན་ང་ཚོས་རེས་གཟའ་པ་སངས་ཀྱི་དགོང་མོའི་དུས་ཚོད་བརྒྱད་པའི་ཐོག་བྲིས་པའི་དགའ་ཚལ་ལས་ཡིག་གཟུགས་འབྲི་སྦྱོང་གི་བརྙན་རིས་སོགས་ཁམས་པའི་བརྙན་འཕྲིན་དྲ་བ་དང་འཕྲིན་སྟེགས་བརྒྱུད་ནས་སྤེལ་རྒྱུ་ཡིན་པས་སྐུ་ཉིད་ལ་བྲིས་ཀྱི་བློ་སྐྱེད་ཐོབ་ངེས། བོད་ཀྱི་བྲིས་གཟུགས་རྩེར་སོན་དམ་པ་རྣམས་ཀྱང་སྐུ་ཉིད་ཀྱི་ཕྱག་བྲིས་བརྩམས་ཆོས་ཡོད་ན་ང་ཚོར་བསྐུར་ཆོག  ངེད་ཁམས་པའི་བརྙན་འཕྲིན་ཁང་གི་དྲ་ངོས་དང་འཕྲིན་སྟེགས་ཐོག་ཏུ་ཁྱེད་རང་གི་འདོད་མོས་ལྟར་སྤེལ་ཆོག   དེ་བཞིན་ང་ཚོའི་བརྩམས་ཆོས་ཐད་ལའང་བཟང་ངན་ཅི་ཡོད་ན་སྐྱོན་བརྗོད་དག་ཐེར་གནང་རོགས་ཞུ།  ཡར་ཐོན་གྱི་ལ་ཆེན་བརྒལ་བར་མཁས་པའི་བསམ་འཆར་དང་། སྐྱོན་བརྗོད་དང་བླངས་ཀྱི་སྒུལ་ཤུགས་དང་ག་ལ་བྲལ་རུང་།

ཡིག་སྒམ།  651158585@qq.com

  • 顶 0