ཧུའུ་ཀྲུའུ་ཡིས་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱས་ཏེ་དབུལ་ཐར་མཁྲེགས་གཏོར་ལ་རོགས་འདེགས་བྱས།

2020-07-07
0

微信图片_20200706095747.jpg

ལྗོངས་ཁུལ་ནས་འཁྲབ་སྟོན་བྱེད་བཞིན་པ།

微信图片_20200706095755.jpg

རྣང་ཚིགས་བར་ནས་འཁྲབ་སྦྱོང་བྱེད་བཞིན་པ།

微信图片_20200706095802.jpg

རང་བྱུང་ཁམས་ནས་སྲོལ་རྒྱུན་རིག་གནས་ལ་མྱོང་རོལ་བྱེད་བཞིན་པ།

 མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ཏུང་ཧྲན་ཤང་ཁྲ་འར་ཀུག་སྡེ་བས་ཧོར་རིགས་ཀྱི་སྲོལ་རྒྱུན་རིག་གནས་མ་ཉམས་སོར་འཇོག་བྱས་ཡོད་ཅིང་། དེར་ཧོར་རིགས་ཀྱི་ཞིབ་བརྗོད་སྙན་ངག་རིང་མོ༼ལ་རིན་པུའུ་དང་ཅི་མིན་སོ༽༼ཆི་ཚང་གི་ཁྱིམ་རྒྱུད་ནུབ་ཏུ་རྒྱ་བསྐྱེད་པ༽སོགས་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྒྱུན་འཛིན་པ་དང་། ལག་ཤེས་སྒྱུ་རྩལ་པ་མི་ཉི་ཤུ་ལྷག་ཡོད།

2018ལོར། སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གཉིས་ལ་ཞིང་སྡེའི་ཏང་ཡོན་གྱི་དགུན་དཔྱིད་རིག་གནས་དབུལ་སྐྱོར་གྱི་ཏང་གི་སློབ་ཁྲིད་ཀྱིས་བློ་འབྱེད་ཐོབ་པའི་གནས་ཚུལ་འོག་ཏུ། ཧོར་རིགས་ཀྱི་སྲོལ་རྒྱུན་དམངས་སྲོལ་རིག་གནས་ཐོན་ཁུངས་ལ་བརྟེན་ནས་སྡེ་བའི་གཅིག་བསྡུས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་། དེའི་རྗེས་སུ་རིག་གནས་རྒྱུན་འཛིན་དང་། དབུལ་ཐར་ལ་རོགས་འདེགས། ཞིང་སྡེ་དར་རྒྱས་སུ་གཏོང་བ། སྲིད་གཞུང་གིས་སྣེ་ཁྲིད་དང་མང་ཚོགས་ཟབ་ཞུགས་བྱེད་པའི་འདུ་ཤེས་དང་། སྡེ་བའི་ཐུན་མོང་དཔལ་འབྱོར་དང་ཀུང་སི། དབུལ་ཕོངས་ཁྱིམ་ཚང་བཅས་གཅིག་ཏུ་བསྡུས་པའི་འཕེལ་རྒྱས་རྣམ་པ་གཏན་འཁེལ་བྱས་ཤིང་། ཟློས་གར་༼ཐ་ལའི་དུས་བཅད༽དེ་ནས་བྱུང་བ་མ་ཟད་འཁྲབ་སྟོན་ལེགས་འགྲུབ་བྱུང་སྟེ། ཚེ་རབས་སུ་རྨོ་འདེབས་བྱེད་པའི་ཞིང་བ་དེ་མི་རིགས་རིག་གནས་རྒྱུན་འཛིན་བྱེད་པའི་འཁྲབ་སྟོན་པར་གྱུར་ནས། ཕྱུག་འགྱུར་གྱི་ལམ་བུ་སྟེང་དུ་བསྐྱོད་པ་རེད།

  • 顶 0