དཀར་མཛེས་ཁུལ་གྱི2020ལོའི་དུས་ཚིགས་གཉིས་པའི་གལ་ཆེན་ལས་གྲྭ་སྟེ་དཀར་མཛེས་ཁུལ་ལས་རིགས་ལག་རྩལ་སློབ་གླིང་ལས་འགོ་ཚུགས།

2020-07-02
0

2020070108571433769.jpg

ལིའུ་ཁྲེང་མིང་སོགས་ཁུལ་རིམ་པའི་མགོ་ཁྲིད་དང་སྐུལ་མགྲོན་གྱིས་དཀར་མཛེས་ཁུལ་ལས་རིགས་ལག་རྩལ་སློབ་གླིང་གི་ལས་གྲྭ་སྐྲུན་མགོ་འཛུགས་པར་རྨང་གཞི་འདིང་བཞིན་པའི་ཚུལ།

 སྤྱི་ཟླ6པའི་ཚེས28ཉིན་གྱི་སྔ་དྲོར། དཀར་མཛེས་ཁུལ་གྱི2020ལོའི་དུས་ཚིགས་གཉིས་པའི་ལས་གྲྭ་གལ་ཆེན་གཅིག་བསྡུས་ཀྱིས་ལས་མགོ་འཛུགས་པ་དང་དཀར་མཛེས་ཁུལ་ལས་རིགས་ལག་རྩལ་སློབ་གླིང་གི་ལས་མགོ་འཛུགས་པའི་མཛད་སྒོ་དེ་དཀར་མཛེས་ཁུལ་གྲོང་ཁུལ་གསར་པར་སྤེལ་བ་རེད། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གིས་ལས་མགོ་འཛུགས་རྒྱུའི་ཁྱབ་བསྒྲགས་གནང་བ་དང་ཁུལ་དམངས་ཆེན་རྒྱུན་ཨུའི་ཀྲུའུ་རེན་ལི་ཁང་མཛད་སྒོར་ཞུགས་པ། ཁུལ་ཨུའི་རྒྱུན་ཨུ། ཁུལ་སྲིད་གཞུང་གི་རྒྱུན་ལས་ཁུལ་དཔོན་གཞོན་པ་ལིའུ་ཅི་ཞང་གིས་ཤིས་ཚིག་ཕུལ། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཁུལ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ཁྲེན་ཐེན་ཁང་གིས་ལས་མགོ་བཙུགས་པའི་མཛད་སྒོའི་གཙོ་འགན་བཞེས་པ་རེད།

ལིའུ་ཅི་ཞང་གིས་ཤིས་ཚིག་ནང་བསྟན་དོན། དེ་རིང་། ཁུལ་ཡོངས་ཀྱི་གཙོ་གནད་ལས་གྲྭ69འདི་ཅིག་ཅར་ལས་མགོ་འཛུགས་པ་དང་། མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར91.21བཏང་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཁྱད་ཆོས་ཐོན་ལས་འཕེལ་རྒྱས། སྤྱི་ཚོགས་ཀྱི་དམངས་འཚོ་ལེགས་སྒྱུར། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་སོགས་ཁྱབ་ཁོངས་མང་པོ་དང་ལས་རིགས་མང་པོར་འབྲེལ་བ་ཡོད་པར་བརྟེན། ཁུལ་ཡོངས་ཀྱིས་རིམས་ནད་འགོག་བཅོས་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་གཉིས་ཀ་རྒྱལ་ཁ་ལེན་ཐུབ་པ་དང་། ལོ་ཧྲིལ་པོའི་དཔལ་འབྱོར་སྤྱི་ཚོགས་ཀྱི་དམིགས་ཡུལ་ལས་འགན་འགྲུབ་པར་སླར་ཡང་སྒུལ་ཤུགས་གསར་པ་དང་གསོན་ཤུགས་གསར་པ་བསྣན་ཐུབ་ངེས་རེད། ལྷག་པར་དུ་དཀར་མཛེས་ཁུལ་ལས་རིགས་ལག་རྩལ་སློབ་གླིང་ལས་མགོ་འཛུགས་རྒྱུ་དེ་རང་ཁུལ་གྱི་མཐོ་རིམ་ལས་རིགས་སློབ་གླིང་མེད་པའི་ལོ་རྒྱུས་ཀྱི་སྟོང་ཆ་སྐོང་བ་དང་། དེ་བསྐྲུན་རྗེས་འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་མས་རང་ཁུལ་དུ་སློབ་སྦྱོང་བྱེད་པའི་གོ་སྐབས་རྙེད་ངེས་རེད། ཁུལ་ཡོངས་ཀྱི་ཤེས་ཡོན་མི་སྣ་མཁོ་སྤྲོད་མི་འདང་བའི་གནས་ཚུལ་མགྱོགས་མྱུར་དུ་ཁ་གསབ་དང་མི་རིགས་སློབ་གསོའི་མ་ལག་མགྱོགས་མྱུར་དུ་འཐུས་ཚང་གཏང་རྒྱུར་སྐུལ་འདེད་གཏོང་རོགས་བྱས་ཏེ། ཁུལ་ཡོངས་དར་རྒྱས་གོང་འཕེལ་དང་ཡུན་རིང་བདེ་འགོད་ཡོང་བར་སྟོབས་དང་ལྡན་པའི་ཤེས་ཡོན་མི་སྣའི་རིག་སྟོབས་འགན་སྲུང་བྱེད་ཆོག་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། དཀར་མཛེས་ཁུལ་གྱི་གྲོང་ཁུལ་གསར་པ་སྐྲུན་བཞིན་པའི་ལས་གྲྭ་ནང་ཁུག་རྟ་ལུང་པའི་གྲོང་རྡལ་གྱི་རང་འབབ་ཆུ་འདྲེན་བཟོ་གྲྭ་དང་ཆུ་འདོན་སྦུ་གུའི་ལས་གྲྭ ཁུག་རྟ་ལུང་པའི་གྲོང་རྡལ་གཞུང་ལམ་གྱི་དུས་རིམ་དང་པོའི་འཛུགས་སྐྲུན་ལས་གྲྭ དུང་དཀར་ལུང་པའི་སྐྱེ་ཁམས་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ལས་གྲྭ དཀར་མཛེས་ཁུལ་ལས་རིགས་ལག་རྩལ་སློབ་གླིང་འཛུགས་སྐྲུན་གྱི་ལས་གྲྭ དཀར་མཛེས་ཁུལ་ལྕགས་ཟམ་ཁ་འབོ་ཞབས་སྟོང་ཧྥུ110ཡི་གློག་སྒྱུར་ས་ཚུགས་གསར་སྐྲུན་ལས་གྲྭ་བཅས་ཚུད་ཡོད་པ་རེད། དེའ་ནང་དཀར་མཛེས་ཁུལ་ལས་རིགས་ལག་རྩལ་སློབ་གླིང་གི་འཛུགས་སྐྲུན་ལས་གྲྭ་ནང་དཀར་མཛེས་ཁུལ་གྱི་གྲོང་ཁུལ་གསར་པའི་ལུས་རྩལ་ཐང་དང་ཞོར་གཏོགས་ལས་གྲྭ དཀར་མཛེས་ཁུལ་ལས་རིགས་ལག་རྩལ་སློབ་གླིང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་དུས་རིམ་དང་པོ་དང་གཉིས་པ། གསུམ་པ་བཅས་ཀྱི་ལས་གྲྭ་སོགས་ཚུད་ཡོད་པ་རེད། མ་དངུལ་བསྡོམས་འབོར་སྒོར་ཁྲི126014གཏོང་བ་དང་འཛུགས་སྐྲུན་དུས་ཡུན་ཟླ་བ18ཡིན་པ་རེད།

  • 顶 0