དམངས་ཡོངས་ཀྱི་ཀློག་འདོན་གྱེར་འདོན་ཚོགས་ཆེན་གྱི་བོད་ལྗོངས་འགྲན་ཁུལ་ལྷ་སར་སྤེལ་འགོ་ཚུགས།

2020-07-02
0

༄༅།།དམངས་ཡོངས་ཀྱི་ཀློག་འདོན་གྱེར་འདོན་ཚོགས་ཆེན་གྱི་བོད་ལྗོངས་འགྲན་ཁུལ་ལྷ་སར་སྤེལ་འགོ་ཚུགས་པ།

 ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་6ཚེས་29ཉིན། དམངས་ཡོངས་ཀྱི་ཀློག་འདོན་གྱེར་འདོན་ཚོགས་ཆེན་གྱི་དཔྱད་འདེམས་དང་2020ལོའི་གཞོན་ནུ་ལོ་ཆུང་གི་སློབ་ཚན་གྱེར་འདོན་ཚོགས་ཆེན་གྱི་བོད་ལྗོངས་འགྲན་ཁུལ་ལྷ་སར་སྤེལ་འགོ་ཚུགས་ཤིང་། བོད་ལྗོངས་ཀྱི་གྱེར་འདོན་སྒྱུ་རྩལ་མཁས་ཅན་དང་། གྱེར་འདོན་ལ་དགའ་ཞེན་ཡོད་མཁན། འགྲན་ཞུགས་པ་བཅས་མང་པོ་ཞུགས་ནས་མཉམ་དུ་གྱེར་འདོན་སྒྱུ་རྩལ་ལ་རོལ་མྱོང་བྱས་ཡོད།    ཤེས་རྟོགས་བྱུང་བར་གཞིགས་ན། འདི་ནི་དམངས་ཡོངས་ཀྱི་ཀློག་འདོན་གྱེར་འདོན་ཚོགས་ཆེན་འགོ་ཚུགས་པ་ནས་བཟུང་བོད་རང་སྐྱོང་ལྗོངས་སུ་འགྲན་ཁུལ་འཛུགས་ཐེངས་དང་པོ་ཡིན་པ་དང་། འགྲན་བསྡུར་དེ་ལོ་ཆུང་ཚོགས་ཆུང་དང་། གཞོན་ནུའི་ཚོགས་ཆུང་། དར་མའི་ཚོགས་ཆུང་བཅས་རིགས་གསུམ་དུ་དབྱེ་ཡོད་པ་དང་། ཟླ་6པ་ནས་ཟླ་7པའི་ཟླ་དཀྱིལ་བར་འདེམས་སྒྲུག་བྱ་རྩིས་ཡོད་པ་རེད། མཐར་བོད་ལྗོངས་འགྲན་ཁུལ་ནས་བདམས་ཐོན་བྱུང་བའི་སྔོན་གྱི་ཨང་20 ཟླ་9པར་པེ་ཅིང་དུ་རྒྱལ་ཡོངས་ཀྱི་རྟིང་རྩོད་འགྲན་བསྡུར་ནང་ཞུགས་རྒྱུ་ཡིན་པ་རེད།

༄༅།།དམངས་ཡོངས་ཀྱི་ཀློག་འདོན་གྱེར་འདོན་ཚོགས་ཆེན་གྱི་བོད་ལྗོངས་འགྲན་ཁུལ་ལྷ་སར་སྤེལ་འགོ་ཚུགས་པ།

༄༅།།དམངས་ཡོངས་ཀྱི་ཀློག་འདོན་གྱེར་འདོན་ཚོགས་ཆེན་གྱི་བོད་ལྗོངས་འགྲན་ཁུལ་ལྷ་སར་སྤེལ་འགོ་ཚུགས་པ།

  • 顶 0