འབྱོར་ཕྱུག་ལམ་བུ་སྙེག་པའི་མཛོད་དགེ་རྫོང་ཨ་སྐྱིད་གྲོང་རྡལ།

2020-06-29
0

ཨ་སྐྱིད་གྲོང་རྡལ་ནི་རྔ་བ་ཁུལ་མཛོད་དགེ་རྫོང་ཁོངས་སུ་ཡོད། ཐོན་ཁུངས་ཕུན་སུམ་ཚོགས་ལ་རང་བྱུང་མཛེས་ལྗོངས་ལྟ་ན་སྡུག རྒྱལ་ཕྱི་ནང་ཀུན་ལ་སྙན་གྲགས་ཡོད་པའི་སྐྱེ་ཁམས་ཡུལ་སྐོར་གནས་མཆོག་མཚོ་ཁྲ་ཁྲབ་དང་གཟའ་རུའི་དགོ་མང་ཐང་སོགས་ཡོད། ད་ལོར་ཏོག་གསར་གློ་ཚད་རིམས་ནད་མཆེད་པས། ཡུལ་སྐོར་དེ་དཔལ་འབྱོར་གྱི་རྒྱབ་བརྟེན་གཙོ་བོར་བྱས་པའི་གྲོང་རྡལ་ཆུང་ཆུང་འདིས་ཇི་ལྟར་ཁ་གཏད་འཇལ་ཡོད་ང་ཚོས་རྒྱུས་ལོན་ཞིག་བྱེད།

ཨ་སྐྱིད་གྲོང་རྡལ་ལ་ཆ་སྙོམས་མཚོ་འཕགས་སྨི་སུམ་སྟོང་ལྔ་བརྒྱ་བཅོ་ལྔ་ཡོད། མངའ་ཁོངས་སུ་སྲིད་འཛིན་གྲོང་སྡེ་བཅུ་གསུམ་ཡོད། དེའི་ནང་གི་གསུམ་ནི་དབུལ་ཕོངས་གྲོང་སྡེ་རེད། ཚགས་འཛུགས་བྱང་འགོད་བྱས་པའི་དབུལ་ཕོངས་དུད་ཁྱིམ་ཉིས་བརྒྱ་བཅུ་དགུ  མི་དགུ་བརྒྱ་གོ་བདུན་ཡོད། ལོ་བཞིའི་རིང་ལ་འབད་པ་བྱས་རྗེས། སྲིད་གཞུང་གི་སྣེ་ཁྲིད་དང་རོགས་སྐྱོར་འོག ས་ཞིང་བརྒྱུད་བཤུག་དང་མཉམ་ལས་ཚོང་གཉེར། ཚོང་གཉེར་བྱེད་མཁན་གྱི་སྣེ་ཁྲིད་བཅས་ལ་བརྟེན་ནས།ཨ་སྐྱིད་གྲོང་རྡལ་གྱི་ཐུན་མོང་དཔལ་འབྱོར་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད། ༢༠༡༩ ལོའི་ལོ་མཇུག་ཏུ། གྲོང་རྡལ་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གཉིས་ས་ཡ་བརྒྱད་ཁྲི་གཅིག་ཡོད། ཞིང་པའི་ཆ་སྙོམས་མི་རེའི་ཡོང་འབབ་ཁེ་གཙང་སྒོར་ཆིག་ཁྲི་སུམ་སྟོང་ལྔ་བརྒྱ་གྱ་གསུམ་ཡོད། འབྲོག་པ་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིང་སྣང་སྔར་ལས་ཇེ་དྲག་སོང་།

རྒྱལ་ལམ ༢༡༣ དང་ཐག་ཉེ་ཞིང་མཚོ་ཁྲ་ཁྲབ་རང་བྱུང་མཛེས་ཁུལ་དུ་གནས་པའི་ལེགས་ཆས་ཨ་སྐྱིད་གྲོང་རྡལ་གྱི་ཐོན་ལས་འཕེལ་རྒྱས་ལ་མཐུན་རྐྱེན་བསྐྲུན།    དེ་ནི་གཟའ་རུ་སྨད་གྲོང་ཚོ་དང་གཟའ་རུ་སྟོད་གྲོང་ཚོའི་ཐུན་མོང་དཔལ་འབྱོར་ཐོན་ལས་འཕེལ་རྒྱས་ཀྱི་རྒྱབ་རྟེན་གཙོ་བོ་རེད། ལས་གཞི་སྤྱིའི་དངུལ་གཏོང་ཚད་སྒོར་བྱེ་བ་གསུམ་ས་ཡ་བཞི་འབུམ་བརྒྱད་ལ་ཟིན། ས་རྒྱ་སྨི་གྲུ་བཞི་མ་བཞི་ཁྲི་བཞི་སྟོང་བཟུང་བ་དང་། འཛུགས་སྐྲུན་རྒྱ་ཁྱོན་ལ་བསྡོམས་པས་སྨི་གྲུ་བཞི་མ་དགུ་སྟོང་ཉིས་བརྒྱ་ཡོད་པའི་ཚོང་ལས་སྲང་ལམ་འདུས་ཁུལ་ཞིག་རེད། བཟའ་བཏུང་དང་འགྲོ་འདུག ཡུལ་སྐོར། ཉོ་སྒྲུབ་རོལ་རྩེད་སོགས་ཆ་ཚང་འདུས་པའི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཚོང་གཉེར་བྱེད་ས་འདི་གྲུབ་ནས་ཚོང་གཉེར་བྱས་རྗེས་གྲོང་སྡེ་གཉིས་ཀྱི་དུད་ཚང་སུམ་བརྒྱ་གྱ་དགུའི་མི་ཉིས་སྟོང་ཉེར་བཞིར་ཕན་ཐོགས་ཡོད། དེའི་ནང་ཚགས་འཛུགས་བྱང་འགོད་བྱས་པའི་དབུལ་ཕོངས་དུད་ཚང་སོ་གཅིག་གི་མི་བརྒྱ་དང་སོ་བཞི་འདུས་ཡོད།

ཨ་སྐྱིད་གྲོང་རྡལ་གྱིས་ཕུན་སུམ་ཚོགས་པའི་ཐོན་ཁུངས་དང་ལེགས་ཆ་ལ་བརྟེན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། ཐོན་ལས་དབུལ་སྐྱོར་ཁྱོན་ཡོངས་ནས་ལག་བསྟར་བྱེད་དེ། ཤང་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བའི་གྲུབ་འབྲས་ནི་ཧ་ལས་དགོས་པ་ཞིག་རེད། དེ་ཡང་ང་ཚོས་མ་འོངས་པར་མུ་མཐའ་མེད་པའི་རྩྭ་ཐང་འདིར་འབྱོར་ཕྱུག་ལྡན་པ་དང་། ཨ་སྐྱིད་གྲོང་རྡལ་ཇེ་དར་ནས་ཇེ་དར་ཡོང་བར་སྨོན།

  • 顶 0