ཙི་ཡ་ཁྲང་གིས་ཇ་ལོར་བརྟེན་ནས་དབུལ་ལས་བྲལ་བར་འབད། ༼ སྨད། ༽

2020-06-24
0

ཉེ་ཆར་ཐོན་ལས་ཀྱི་ཤུགས་རྐྱེན་ཇེ་ཆེར་གཏོང་འདོད་ན། ངེས་པར་དུ་གཞི་ཁྱོན་ཅན་གྱི་ཐོན་ལས་ལམ་དུ་སྐྱོད་དགོས། རེད་དེ་ལག་རྩལ་དང་བཟོ་པ་སོགས་གནད་དོན་མང་པོ་ཞིག་ནི་ཚུ་ཡ་ཁྲང་གྲོང་པས་ངེས་པར་དུ་ཐག་གཅོད་བྱེད་དགོས་པའི་དཀའ་ཁག་ཞིག་ཡིན་འདུག གནད་དོན་དེ་དག་ཐག་གཅོད་ཅི་ལྟར་བྱས་པ་ཡིན་ཞེ་ན། དེ་རིང་གི་རིམས་ནད་ཀྱི་གནོད་པ་ཡོངས་སུ་སེལ་ཞིང་དབུལ་བྲལ་འགག་སྒྲོལ་ལས་རྣམ་པར་རྒྱལ་ཞེས་པའི་ལེ་ཚན་ནང་མུ་མཐུད་དུ་རྒྱུས་ལོན་བྱེད། ཚུ་ཡ་ཁྲང་གྲོང་པའི་ཇ་ལོའི་གཞི་ཁྱོན་ཅན་གྱི་ཐོན་ལས་ཀྱི་ལམ་བུར་སྐྱོད་རྒྱུ་ཐག་བཅད། རེད་དེ་དུས་ཡུན་རིང་བོར་ལག་རྩལ་རང་བཞིན་གྱི་གནད་དོན་སྔར་བཞིན་ཐག་གཅོད་བྱེད་མ་ཐུབ། དཀའ་ཁག་དང་འཕྲད་པའི་དུས་དེར་རོགས་བྱེད་མཁན་ཞིག་སླེབས་ཡོད།

ཀྲུང་ཐའོ་ནི་ཕུའུ་ཅང་རྫོང་གི་རོགས་སྐྲུན་ལས་བྱེད་པ་ཞིག་ཡིན། ཁོ་རང་སི་ཁྲོན་ཞིང་ལས་སློབ་ཆེན་གྱི་ཇ་རིག་པའི་ཆེད་ལས་ནས་མཐར་ཕྱིན་པ་དང་སྔོན་ཆད་ཇ་ཐོན་སྐྱེད་བྱེད་མཁན་གྱི་གྲོང་རྡལ་གཙོ་བོ་ཞིག་ནས་ལོ་དྲུག་ལ་ལས་ཀ་ལས་མྱོང་བས། ཇ་ལོ་འདེབས་འཛུཊ་དང་གསོ་སྤེལ། ལས་སྣོན་ལག་རྩལ་གྱི་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད།ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་དྲུག་པར། ཁོ་རང་ཚུ་ཡ་ཁྲང་གྲོང་པར་མངགས་ནས་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མིའི་འགན་འཁུར་རྗེས། ཁོ་རང་གིས་ཚུ་ཡ་ཇའི་གནས་ཚུལ་ལ་རྒྱུས་ལོན་དང་དབྱེ་ཞིབ་ནན་མོ་བྱས་ཏེ།མི་སེར་རྣམས་ཀྱི་སྣེ་ཁྲིད་ནས་ལག་རྩལ་ཐད་ཀྱི་དཀའ་གནད་སེལ་བ་དང་ཇ་ར་དོ་དམ་གྱི་ལག་རྩལ་གོང་འཕེལ་བཏང་།

ཚང་མས་འབད་བརྩོན་འོག ཚུ་ཡ་ཁྲང་གྲོང་པའི་ཇ་ལོ་ལས་སྣོན་ལག་རྩལ་སྤྱིའི་ཆ་ནས་མཐོར་འདེགས་བྱུང་ཡོད། ཐོན་སྐྱེད་བྱས་པའི་བྱིའུ་ལྕེ་དང་ཇ་དམར་སོགས་ཀྱི་ཐོན་རྫས་ལ་ཚོང་རས་གདེང་འཇོག་ཐོབ་ཡོད། ཚུ་ཡ་ཇའི་ཚོང་རྟགས་ཀྱི་སྙན་གྲགས་ཇེ་ཆེར་གཏོང་ཆེད། ཚུ་ཡ་གྲོང་པས་མུ་མཐུད་དུ་མ་དངུལ་ཇེ་མང་བཏང་བ་དང་ཇ་རིགས་གསར་པ་ཇ་ནག་ཞིབ་འཇུག་གསར་སྤེལ་བྱས་ནས་མ་རྒྱུའི་ཕྱོགས་བསྡུས་བཀོལ་སྤྱོད་ཚད་ཇེ་མཐོར་བཏང་། གྲུབ་རྫས་ཇ་དམར་ལ་དཔེ་མཚོན་ན་གྲུབ་རྫས་ཇ་དམར་རྒྱ་མ་གང་ཐོན་སྐྱེད་བྱེད་པ་ལ། ཇ་ལོའི་མ་རྒྱུ་རྒྱ་མ་བཞི་ཚེག་ལྔ་དགོས། མ་རྒྱུ་བསྡུ་ཉོ་ཚད་ཇེ་མང་བཏང་ན་གྲུབ་རྫས་ཇ་ལོའི་ཐོན་སྐྱེད་ཚད་གོང་ཇེ་མཐོར་གཏོང་ཐུབ་པ་མ་ཟད། ཇ་འདེབས་ཞིང་པའི་ཡོང་འབབ་ཀྱང་གོང་འཕར་གཏོང་ཐུབ།  རྒྱུས་ལོན་བྱུང་བ་ལྟར་ན། ཚུ་ཡ་ཁྲང་གྲོང་པས་ད་ལོར་ད་དུང་ཇ་ར་མུའུ་སྟོང་རྒྱ་བསྐྱེད་གཏོང་བ་དང་ཚུ་ཡ་ཇའི་བཟོ་གྲྭའང་ད་ལོའི་ཟླ་བཞི་པའི་ཟླ་དཀྱིལ་ནས་འཛུགས་སྐྲུན་བྱེད་འགོ་བརྩམས་པ་དང་ཟླ་བརྒྱད་པའི་ནང་ལེགས་འགྲུབ་བྱ་རྒྱུ་རེད། ཇ་ལོ་བཟོ་གྲྭའི་ས་ཁྱོན་ལ་མུའུ་གསུམ་ཚེག་ལྔ་ཡོད་པ་དང་བཟོ་གྲྭའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་བཞི་བརྒྱ་ཡོད། དེའི་ནང་སྒོ་འབུམ་ལྔ་ཡི་སྔོན་ཐོན་གྱི་ཇ་བཟོ་བྱེད་ཀྱི་སྒྲིག་ཆས་ཡོད།

  • 顶 0