བོད་ལྗོངས་གཡག་རྟེན་མཛོད་གླིང་གིས་ཕྱོགས་བསྡུས་རིག་གནས་བྱེད་སྒོ་སྤེལ་བ།

2020-05-19
0

W020200518327722819698.jpg

འདི་ནི་བྱེད་སྒོའི་ཡུལ་དངོས་རེད། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས18ཉིན་ནི་འཛམ་གླིང་རྟེན་རྫས་བཤམས་མཛོད་ཁང་གི་ཉིན་མོ་ཐེངས44པ་ཡིན་ལ་བོད་ལྗོངས་གཡག་རྟེན་མཛོད་གླིང་སྒོ་ཕྱེས་ནས་ལོ6འཁོར་བའི་ལོའང་རེད། ཟླ5པའི་ཚེས17ཉིན་གྱི་སྔ་དྲོར། བོད་ལྗོངས་གཡག་རྟེན་མཛོད་གླིང་གི2020ལོའི“5·18རྒྱལ་སྤྱིའི་རྟེན་རྫས་བཤམས་མཛོད་ཁང་ཉིན་མོའི”ཕྱོགས་བསྡུས་རིག་གནས་བྱེད་སྒོ་དེ་གཡག་རྟེན་མཛོད་གླིང་གི་ཚོམས་ཆེན་དུ་འགོ་ཚུགས་པ་རེད། 

ཡུལ་དངོས་སུ2020ལོའི“5·18རྒྱལ་སྤྱིའི་རྟེན་རྫས་བཤམས་མཛོད་ཁང་ཉིན་མོའི”ཕྱོགས་བསྡུས་རིག་གནས་བྱེད་སྒོའི་གཙོ་དོན་འཆད་ཁྲིད་སྤེལ་བ་དང་། 《འབྲི་གཡག་ཀྲེ་ཅང་དུ་བསྐྱོད། ས་མཐོའི་འབྲི་གཡག་རིག་གནས་ས་ཚིགས》ཞེས་པའི་ཆེད་དོན་སྙན་ཞུ། སྤྱི་ཚོགས་ལས་རིགས་ཁག་གི་མི་སྣས་བོད་ལྗོངས་གཡག་རྟེན་མཛོད་གླིང་ལ་ཉར་ཚགས་དངོས་རྫས་ཞལ་འདེབས་ཕུལ་བ་སོགས་ཀྱི་བྱེད་སྒོ་སྤེལ་བ་རེད། 

W020200518328011052114.jpg

འདི་ནི་ཞལ་འདེབས་འབུལ་བའི་མཛད་སྒོའི་ཡུལ་དངོས་རེད། 

བོད་ལྗོངས་གཡག་རྟེན་མཛོད་གླིང་གི་ཧྲུའུ་ཅིའམ་ཀོན་ཀྲང་གཞོན་པས་ངོ་སྤྲོད་བྱས་པར་གཞིགས་ན། ད་ལོའི་འཛམ་གླིང་རྟེན་རྫས་བཤམས་མཛོད་ཁང་ཉིན་མོའི་བརྗོད་གཞི་ནི“འདྲ་མཉམ་ལ་གཞོལ་བའི་རྟེན་རྫས་བཤམས་མཛོད་ཁང་གིས་སྣ་མང་དང་བསྟུན་མཁས་བྱེད”ཅེས་པ་དེ་རེད། བོད་ལྗོངས་གཡག་རྟེན་མཛོད་གླིང་གིས་པྲོག་གསར་གློ་ཚད་ཀྱི་རིམས་ནད་གནས་ཚུལ་བརྟན་པོའི་ངང་ལེགས་སུ་འགྲོ་བའི་སྔོན་འགྲོའི་ཆ་རྐྱེན་འོག ལྷ་ས་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བརྗོད་དོན་གཙོ་བོའི་བཀོད་སྒྲིག་དང་འབྲེལ་ཡོད་བླང་བྱ་གཞིར་བཟུང་སྟེ་ཡུལ་དངོས་ཀྱི་མི་གྲངས་དང་གཞི་ཁྱོན་ཚོད་འཛིན་ནན་མོ་བྱས་ཤིང་། དྲ་ཐོག་དང་ཡུལ་དངོས་ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་དེ་ནང་དོན་ཕུན་སུམ་ཚོགས་པའི་མང་ཚོགས་ཀྱི་རིག་གནས་བྱེད་སྒོ་སྤེལ་བ་རེད། 

W020200518328525731366.jpg

འདི་ནི་ཞལ་འདེབས་མཛད་སྒོའི་ཡུལ་དངོས་རེད།

རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔའི་བར་དུ་བོད་ལྗོངས་གཡག་རྟེན་མཛོད་གླིང་གིས་གཞི་རིམ་གྱི་རོང་འབྲོག་མང་ཚོགས་དང་། གྲོང་ཁྱེར་གྱི་གྲོང་མི། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ། སྐོར་སྐྱོད་འགྲེམས་སྟོན་བྱས་པའི་ནང་ལོགས་གྲོང་ཁྱེར་གྱི་གྲོང་མི་བཅས་བསྡོམས་པས་མི་ཐེངས་ཁྲི86ལྷག་ཙམ་སྣེ་ལེན་ཞུས་པ་དང་། སྔ་རྗེས་སུ་འབྲི་གཡག་གི་བརྗོད་དོན་གཙོ་བོའི་དེང་རབས་སྒྱུ་རྩལ་འགྲེམས་སྟོན་ཆེན་མོ་སོགས་ལྟད་མོ་བས་ལྟ་འདོད་ཅིང་ཉན་སྤྲོ་བའི་བྱེད་སྒོ་ཐེངས20ལྷག་ཙམ་སྤེལ་བ་རེད། 

རྒྱལ་ནང་གི་སྔོན་ཐོན་ཞིང་ཆེན་དང་གྲོང་ཁྱེར་གྱི་རིག་གནས་རྟེན་རྫས་བཤམས་མཛོད་སྡེ་ཚན་དང་འབྲེལ་འདྲིས་དང་སྤེལ་རེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་།  བོད་རང་སྐྱོང་ལྗོངས་ཕྱི་ནང་གི་རིག་གནས་སྤེལ་རེས་དང་མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་ནས་བོད་རྒྱ་མི་དམངས་ཀྱི་བརྩེ་སེམས་ཇེ་ཟབ་ཏུ་གཏོང་བ། ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཇེ་ཟབ་ཏུ་གཏོང་བ། བོད་ལྗོངས་གཡག་རྟེན་མཛོད་གླིང་གི་གཉེར་སྐྱོང་འདུ་ཤེས་གསར་གཏོད་བཅས་བྱ་ཆེད།  སྔ་རྗེས་སུ་པེ་ཅིན་དང་། ཀོང་ཀྲོའུ། ནན་ཅིང་། ཧང་ཀྲོའུ་སོགས་གྲོང་ཁྱེར་དུ་སྐོར་སྐྱོད་འགྲེམས་སྟོན་བྱེད་པར་བསྐྱོད་ནས་བསྡོམས་པས་ལྟད་མོ་བ་མི་ཐེངས་ཁྲི53སྣེ་ལེན་ཞུས་ཏེ་དྲང་ནུས་དར་སྤེལ་བཏང་ནས་སྤྱི་ཚོགས་ཀྱི་ཕན་འབྲས་ཧ་ཅང་ཆེན་པོ་ཐོབ་ཡོད། གཞན་ཡང་། རྟེན་མཛོད་གླིང་གི་ཉར་ཚགས་དངོས་རྫས་བསྡུ་རུབ་ཐད་བོད་ལྗོངས་གཡག་རྟེན་མཛོད་གླིང་གིས་ཐབས་ལམ་སྣ་ཚོགས་བརྒྱུད་དེ་ཉར་ཚགས་དངོས་རྫས6812བསྡུ་རུབ་བྱས་པ་དང་མིག་སྔར་རྟེན་མཛོད་ཁང་གི་རེ་ཞུའི་འབྲེལ་ཡོད་གྲ་སྒྲིག་ལས་དོན་ལག་བསྟར་བྱེད་བཞིན་ཡོད། 

W020200518328838322967.jpg

འདི་ནི་བོད་ལྗོངས་གཡག་རྟེན་མཛོད་གླིང་གི་ཀོན་ཀྲང་ཝུའུ་ཡུས་ཁྲུའུ་ཡིས་གཏམ་བཤད་གནང་བཞིན་པ། 

བོད་ལྗོངས་གཡག་རྟེན་མཛོད་གླིང་གི་ཀོན་ཀྲང་ཝུའུ་ཡུས་ཁྲུའུ་ཡིས་ཐེངས་འདིའི་བྱེད་སྒོས་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣས་བོད་ལྗོངས་གཡག་རྟེན་མཛོད་གླིང་གི་བྱ་གཞག་ལ་རྒྱབ་སྐྱོར་དང་གཅེས་སེམས་ཟབ་མོ་བཅངས་པ་གང་ལེགས་མངོན་ཡོད། རྟེན་མཛོད་གླིང་གིས་ཞལ་འདེབས་དངོས་པོ་ཉར་ཚགས་དང་། ཞིབ་འཇུག འགྲེམས་སྟོན་བཅས་ཀྱི་ལས་དོན་ཡག་པོ་སྒྲུབ་ངེས་ཡིན་ལ། ཐེངས་འདིར་བོད་ལྗོངས་གཡག་རྟེན་མཛོད་གླིང་གིས་ཞལ་འདེབས་དང་ལེན་བྱས་པའི་ཉར་ཚགས་དངོས་རྫས་དག་ལ་ཉར་ཚགས་རིན་ཐང་དང་སྒྱུ་རྩལ་རིན་ཐང་ཧ་ཅང་ཆེན་པོ་ལྡན་པས་རྟེན་མཛོད་གླིང་གི་སྤྱི་ཚོགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་འགྲོ་རྒྱུར་དྲིལ་བསྒྲགས་ཀྱི་ནུས་པ་ཡག་པོ་ཐོན་ཡོད་ཟེར། །


  • 顶 0