བོད་ལྗོངས་ཀྱི་མཛེས་རྩལ་ཁང་འཛུགས་སྐྲུན་བྱེད་འགོ་བརྩམས།

2020-03-24
0

138908133_15849528807151n.jpg

 ཚེས23ཉིན་གྱི་སྔ་དྲོར་བོད་ལྗོངས་ཀྱི་གཙོ་གནད་ལས་གཞིའི་རྣམ་གྲངས་བོད་ལྗོངས་མཛེས་རྩལ་ཁང་གིས་སྔར་ཡོད་ཀྱི་ལྷ་སའི་ཨར་འདམ་བཟོ་གྲྭ་རྙིང་པའི་གནས་ཡུལ་དུ་དངོས་སུ་ལས་འགོ་ཚུགས་པ་རེད། རྣམ་གྲངས་དེར་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར3.5བཏང་བ་དང་སྤྱིའི་ས་སྤྱོད་གཞི་ཁྱོན་སྨི་གྲུ་བཞི་མ47340ཡོད་པ་དང་། བསྡུ་ཉར་དང་འགྲེམས་སྟོན། ཞིབ་འཇུག སྤེལ་རེས། སློབ་གསོ། ཁྱབ་གདལ་བཅས་གཞི་གཅིག་ཏུ་འདུས་པའི་དེང་རབས་ཅན་དང་། རྒྱལ་སྤྱི་ཅན། གྲངས་འཛིན་ཅན་བཅས་ཀྱི་ཕྱོགས་བསྡུས་མཛེས་རྩལ་ཁང་ཆེན་པོ་བསྐྲུན་པར་བརྩོན་ལེན་བྱ་རྒྱུ་རེད། འཛུགས་སྐྲུན་ལེགས་འགྲུབ་བྱུང་རྗེས་ཀྱི་བོད་ལྗོངས་མཛེས་རྩལ་ཁང་དེ་བོད་ལྗོངས་མཛེས་རྩལ་ཁང་གི་འགྲེམས་ཁང་གཙོ་བོ་དང་། སྒྱུ་རྩལ་མཉམ་འགུལ་ཉམས་ལེན་ཁུལ། སྒྱུ་རྩལ་པའི་བཅའ་སྡོད་གསར་རྩོམ་རྟེན་གཞི། སྒྱུ་རྩལ་ཚོང་འདུས་བཅས་བྱེད་ནུས་ཁུལ་བཞི་ལས་གྲུབ་རྒྱུ་རེད།

138908133_15849528807781n.jpg

རྒྱུས་ལོན་པ་ལྟར་ན། བོད་ལྗོངས་མཛེས་རྩལ་ཁང་གི་རྣམ་གྲངས་ནི་ལྗོངས་ཏང་ཨུ་དང་སྲིད་གཞུང་གིས་བོད་ལྗོངས་ཀྱི་རིག་གནས་དང་རིག་རྩལ་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐབས་ཇུས་གལ་ཆེན་ཞིག་ཡིན་པ་མ་ཟད། བོད་ལྗོངས་གསར་བའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཛུགས་སྐྱོང་གི་རྣམ་གྲངས་གལ་ཆེན་ཞིག་ཡིན་ལ། བོད་ལྗོངས་ཀྱི་བསམ་པའི་དཔལ་ཡོན་ཁྱབ་ཁོངས་ཀྱི་དམངས་འཚོའི་འདུ་འགོད་གལ་ཆེན་ཞིག་ཀྱང་ཡིན། སྔོན་དཔག་བྱས་པའི་ལས་ཡུན་ལྟར་ན། འགྲེམས་ཁངAདངBགཉིས་ཀྱི་ས་ཁོངས་གཙོ་བོའི་ལས་གཞི2021ལོའི་ཟླ7པར་ལས་མཇུག་སྒྲིལ་རྒྱུ་དང་། ལོ་དེའི་ཟླ7པར་འགྲེམས་ཁང་གཙོ་བོ་སྒོ་ཕྱེ་ནས2021ལོར་ཏང་བཙུགས་ནས་ལོ100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ70འཁོར་བར་ལེགས་སྐྱེས་འབུལ་རྒྱུ་ཁག་ཐེག་བྱ་རྒྱུ་ཡིན་པ་རེད།

138908133_15849528808251n.jpg

བོད་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཡིག་ཆེན་མོའམ་བོད་ལྗོངས་མཛེས་རྩལ་ཁང་གྲབས་འཛུགས་གཞུང་ལས་ཁང་གི་ཁོངས་མི་ལི་ཞུའེ་ཡན་གྱིས་བཤད་རྒྱུད། རྣམ་གྲངས་དེ་ལག་བསྟར་བྱས་པའི་ཉེ་བའི་ལོ་གཉིས་རིང་དུས་འགོའི་གྲ་སྒྲིག་ལས་དོན་སོ་སོ་ལེགས་འགྲུབ་བྱུང་ཡོད། ཨར་འདམ་བཟོ་གྲྭའི་བཟོ་ལས་རྗེས་ཤུལ་གྱི་གཞི་རྒྱུ་མཛེས་རྩལ་ཁང་གི་ཇུས་འགོད་ནང་བཅུག་ནས། སྒྱུ་རྩལ་གྱི་རྣམ་པའི་བོད་ལྗོངས་ཀྱི་བཟོ་ལས་རིག་གནས་དང་གསར་བརྗེའི་རིག་གནས་ཀྱི་དྲན་ཤེས་མངོན་མཚོན་བྱ་རྒྱུ་དང་། རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གི་འགོ་ཁྲིད་གཙོ་བོའི་མཆན་འགོད་མཛུབ་སྟོན་གྱི་དགོངས་དོན་ལྟར། བོད་ལྗོངས་མཛེས་རྩལ་ཁང་དེ་ལྷ་སའི་མཚོན་བྱེད་དུ་བརྩིས་ནས་སྐྲུན་རྒྱུ་དང་། སྒྱུ་རྩལ་ཚོམས་ཆེན་དུ་བརྩིས་ནས་སྐྲུན་རྒྱུ། སྤེལ་རེས་སྒེའུ་ཁུང་དུ་བརྩིས་ནས་བེད་སྤྱོད་བྱ་རྒྱུ་དང་། ལོ་རྒྱུས་ཀྱི་བཟོ་སྐྲུན་ལ་བརྩིས་ནས་སྐྲུན་རྒྱུ་བཅས་ཡིན་ཟེར། 

  • 顶 0