གོར་ཁུའུ་ལྕགས་ལམ་ཁྱོན་ཡོངས་ནས་ལས་འགོ་སླར་ཚུགས་བྱས།

2020-03-12
0

༄༅།།གོར་ཁུའུ་ལྕགས་ལམ་ཁྱོན་ཡོངས་ནས་ལས་འགོ་སླར་ཚུགས་བྱས་པ།

 ཟླ་3ཚེས་10ཉིན། གསར་འགོད་པས་ཀྲུང་གོའི་ལྕགས་ལམ་མཚོ་བོད་མཐུན་ཚོགས་ན་གོར་མོ་ནས་ཁུའུ་ཨེར་ལེ་ལྕགས་ལམ་འཛུགས་སྐྲུན་མཛུན་སྟོན་པུའུ་ནས་ཤེས་རྟོགས་བྱུང་གསལ། ཟླ་3ཚེས་10ཉིན། ན་གོར་མོ་ནས་ཁུའུ་ཨེར་ལེ་བར་གྱི་ལྕགས་ལམ་ཁྱོན་ཡོངས་ནས་ལས་འགོ་སླར་འཛུགས་བྱས་པ་རེད།  
   གོར་ཁུའུ་ལྕགས་ལམ་ནི་མཚོ་སྔོན་ཞིང་ཆེན་ན་གོར་མོ་གྲོང་ཁྱེར་དང་ཤིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཁུའུ་ཨེར་ལེ་གྲོང་ཁྱེར་གྱི་རྒྱལ་ཁབ་ལྕགས་ལམ་རིམ་པ་Ⅰཔའི་འགྲུལ་ཟོག་སྤྱི་ལམ་ལྕགས་ལམ་ཡིན་པ་དང་། མཚོ་བོད་ལྕགས་ལམ་དང་ཤིན་ཅང་ལྷོ་མའི་ལྕགས་ལམ་གྱི་གསར་དུ་བསྐྲུན་པའི་ལྕགས་ལམ་ཞིག་དང་། ཀྲུང་གོའི་ནུབ་བྱང་ལམ་དྲའི་རུས་སྒྲོམ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། 
    ཟླ་3ཚེས་10ཉིན། ལས་གྲྭའི་ལྟ་སྐུལ་དོ་དམ་དང་འཛུགས་སྐྲུན་མཛུན་སྟོན་པུའུ་དང་། ཕྱོགས་བསྡུས་གཞུང་ལས་ཁང་སོགས་འབྲེལ་ཡོད་སྡེ་ཁག་གིས་ཨར་ལས་ནང་ཞུགས་པའི་ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་བཟོ་ཚོགས་དང་། ཀྲུང་གོའི་ལྕགས་ལམ་གློག་འགྱུར་ཅུས། ཀྲུང་གོའི་ལྕགས་ལམ་གྱི་ཅུས་ཉུ་ཤི་རྩ་གཉིས་པ་སོགས་ལས་ཁུངས་གསུམ་གྱི་ལས་འགོ་སླར་གསོ་སྙན་ཞུ་ལ་ཞིབ་བཤེར་གཏན་འབེབས་བྱས་པ་དང་། ཨར་ལས་ཇུས་གཞི་དང་། མི་སྣ། སྒྲིག་ཆས། འཕྲུལ་ཆས་སྒྲིག་འཛུགས་དང་རིམས་ནད་སྔོན་འགོག་སོགས་ཀྱི་ཐད་ནས་ལས་འགོ་སླར་ཚུགས་ཀྱི་ཆ་རྐྱེན་འཛོམས་པས། ལས་འགོ་སླར་ཚུགས་ལ་མོས་མཐུན་བྱུང་བ་རེད། 
   ལས་གཞི་དུས་ལྟར་ལས་འགོ་ཚུགས་པར་འགན་ལེན་བྱ་ཆེད། གོར་ཁུའུ་ལྕགས་འཛུགས་སྐྲུན་མཛུན་སྟོན་པུའུ་ཡིས་ལས་འགོ་སླར་ཚུགས་ཀྱི་དུས་སྔོན་དུ་ན་གོར་མོའི་ལྟེ་གནས་སུ་ལས་ཁུངས་ཀྱི་འཚོ་བའི་ཁུལ་དང་གཞུང་ལས་ཁུལ་བཙུགས་ནས་རིམ་པ་བཞིན་ཞིབ་བཤེར་བྱས་པ་དང་། ད་དུང་མིའི་ལས་དྲོད་འཇལ་བ་དང་། རིམས་འགོག་དུག་སེལ། མཚོ་སྔོན་དུ་ཕྱིར་ལོག་པའི་མི་སྣ་ལོགས་སུ་བཀར་བ། མི་སྣ་འགྲོ་འོང་ཐོ་འགོད། སྔོན་འགོག་དངོས་རྫས་གསོག་འཇོག་དང་སྤྲོད་པ་སོགས་ཀྱི་གནས་ཚུལ་ལ་ཞིབ་བཤེར་བྱས་པ་དང་། ཞིབ་བཤེར་ལས་ཤེས་རྟོགས་བྱུང་བའི་གནད་དོན་ལ་ལེགས་བཅོས་དུས་ཚོད་དང་འགན་འཁུར་བ་ཁ་གསལ་བྱས་པ་མ་ཟད། ལེགས་བཅོས་ལ་རྗེས་འདེད་བྱས་པས།  ཟླ་3ཚེས་8ཉིན་བར། ལས་གཞི་སོ་སོ་གཞི་རྩའི་ཆ་ནས་འཐུས་ཚང་དུ་གྱུར་ཟིན་པ་དང་། ལས་འགོ་སླར་ཚུགས་ཀྱི་ཆ་རྐྱེན་འཛོམས་པ་རེད།

  • 顶 0