ལི་ཐང་རྫོང་དུ་ན་གཞོན་ཚོས་རིམས་ནད་འགོག་རྒོལ་དང་དབུལ་སྒྲོལ་ལ་རམ་འདེགས་བྱེད་པ།

2020-03-12
0

ལི་ཐང་རྫོང་དུ་ན་གཞོན་ཚོས་རིམས་ནད་འགོག་རྒོལ་དང་དབུལ་སྒྲོལ་ལ་རམ་འདེགས་བྱེད་པ།

ལི་ཐང་རྫོང་གི་དབུལ་སྐྱོར་གཅེས་སེམས་སྒོ་རྩིས་ཚོང་ཁང་དང་ཐོན་རྫོང་ཨུས་མཉམ་དུ་རྩ་འཛུགས་བྱས་པའི་“ན་གཞོན་འཕྲལ་སྒྲུབ་རུ་ཁག”ཅེས་པའི་རིན་མེད་ཞབས་ཞུའི་རུ་ཁག

ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན།  ཟླ་3ཚེས་8ཉིན། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལི་ཐང་རྫོང་མཚོ་གསུམ་ཤང་ལྷ་འགོ་གྲོང་ཚོའི་དོན་ཡོད་ལྷ་མོས་ཁོམ་གསེང་གི་དུས་ཚོད་བེད་སྤྱད་ནས་རང་ཁྱིམ་དུ་གྲོང་ཚོའི་མཉམ་ལས་ཁང་གི་ནས་ཀྱི་ས་བོན་འདེབས་པའི་ཆེད་དུ་ཁོ་མོས་རྒྱགས་ཅིང་སྤུས་ཀ་ལེགས་པའི་སོན་བཟང་འདེམས་བཞིན་ཡོད།

སྔོན་ཆད་སོན་བཟང་འདེམས་སྐབས་ཚང་མ་སྒོ་རའི་ནང་བསྡད་ནས་མཉམ་དུ་ངལ་རྩོལ་བྱས་པ་རེད། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་ཆེད་དུ། གྲོང་ཚོའི་ཀྲི་པུའི་ཧྲུའུ་ཅི་ཚེ་རིང་དོན་གྲུབ་ཀྱིས་ནས་ཁྱིམ་ཚང་སོ་སོར་བགོས་ནས་ས་བོན་བདམས་དགོས་བྱུང་། “ས་ཞིང་མུའུ་གཅིག་ལ་ས་བོན་རྒྱ་མ་35ནས་40དགོས་ལ། ད་ལོར་ང་ཚོའི་གྲོང་ཚོས་ནས་མུའུ་70འདེབས་རྩིས་ཡོད། ནས་ཕྱེ་གོ་རེའི་ཚོང་ལམ་ལ་བརྟེན་ནས་ང་ཚོས་དབུལ་སྒྲོལ་དང་ཡོང་འབབ་འཕར་སྣོན་གྱི་ལམ་བུ་རྒྱ་ཆེ་རུ་གཏོང་བཞིན་ཡོད།”ཅེས་ཚེ་རིང་དོན་གྲུབ་ཀྱིས་དེ་ལྟར་བཤད།

“ནས་ཕྱེའི་ཀ་ར་གོ་རེ་ཕྱིར་ཚོང་ཐུབ་པ་དེ་ནི་ལི་ཐང་རྫོང་དབུལ་སྐྱོར་གཅེས་སེམས་སྒོ་རྩིས་ཚོང་ཁང་དང་ཐོན་རྫོང་ཨུའི་‘ན་གཞོན་འཕྲལ་སྒྲུབ་རུ་ཁག’ཅེས་པའི་རིན་མེད་ཞབས་ཞུའི་རུ་ཁག་གིས་རོགས་རམ་བྱས་པ་ལས་བྱུང་བ་ཞིག་རེད།”ཅེས་ལྷ་འགོ་གྲོང་ཚོའི་བཅའ་སྡོད་རུ་མི་ཏེང་ཞའོ་ཞ་ཡིས་མྱོང་ཚོར་ཟབ་མོའི་ངང་དེ་ལྟར་བཤད། མཉམ་ལས་ཁང་གི་ནས་ཕྱེའི་ཀ་ར་གོ་རེ་ཁག་དང་པོ་ཐོན་སྐྱེད་བྱས་ཟིན་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དབང་གིས་ཕྱི་ལ་འཚོང་མི་ཐུབ།  མཉམ་ལས་ཁང་དུ་བཞག་ནས་དུས་ཚོད་ཡོལ་ལ་ཉེ་བས། ད་ནི་ཅི་ཞིག་བྱ།  ནས་ཕྱེའི་ཀ་ར་གོ་རེའི་དོན་དག་འདིའི་དབང་གིས་ཉིན་འགའི་སྔོན་ལ་ཁོ་མོ་སེམས་འཚབ་ཆེན་པོ་སྐྱེས།

“ཇི་ལྟར་བྱས་ན་ད་གཟོད་རྫོང་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་ཤུགས་རྐྱེན་མི་ཐེབས་ཅིང་། རྫོང་ཡོངས་ཀྱི་ཐུན་མོང་དཔལ་འབྱོར་དང་མཉམ་ལས་ཁང་གི་ཞིང་ལས་ཁྱད་ལྡན་ཐོན་རྫས་འཚོང་མི་ཐུབ་པའི་དཀའ་གནད་དེ་དག་སེལ་ཐུབ་བམ། ཟླ་2ཚེས་5ཉིན། ཐོན་རྫོང་ཨུའི་ཧྲུའུ་ཅི་ཚེ་རིང་བསོད་ནམས་ཀྱིས་གནས་ཚུལ་དེ་དག་ཤེས་རྟོགས་བྱུང་རྗེས། གུང་གཞོན་ཚོགས་པའི་ན་གཞོན་ཚོགས་མི་16རྩ་འཛུགས་བྱས་ནས་ཀའོ་ཁྲེང་གྲོང་རྡལ་གྱི་ཁྱིམ་ཚང་ཁྲི་1ལྷག་དང་མི་གྲངས་ཁྲི་4ལྷག་ཙམ་ལ་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ་དང་། ཉིན་རེར་སྡེབ་སྐྱེལ་བྱེད་ཚད་འཚོང་ཐེངས་500ལྷག་ཙམ་ཟིན་ཅིང་། “ལི་ཐང་རྫོང་དབུལ་སྐྱོར་གཅེས་སེམས་སྒོ་རྩིས་ཚོང་ཁང”གི་ལས་སྟེགས་འདི་བརྒྱུད་དེ།  ཞིང་འབྲོག་ས་ཁུལ་དུ་འཚོང་མི་ཐུབ་པའི་ཞིང་ལས་ཁྱད་ལྡན་ཐོན་རྫས་དེ་དག་ལི་ཐང་རྫོང་གི་གྲོང་རྡལ་དེའི་ཁྱིམ་ཚང་སོ་སོར་ཐད་ཀར་བཙོང་པ་རེད།

ལི་ཐང་རྫོང་དུ་ན་གཞོན་ཚོས་རིམས་ནད་འགོག་རྒོལ་དང་དབུལ་སྒྲོལ་ལ་རམ་འདེགས་བྱེད་པ།

ལི་ཐང་རྫོང་གི་དབུལ་སྐྱོར་གཅེས་སེམས་སྒོ་རྩིས་ཚོང་ཁང་དང་ཐོན་རྫོང་ཨུས་མཉམ་དུ་རྩ་འཛུགས་བྱས་པའི་“ན་གཞོན་འཕྲལ་སྒྲུབ་རུ་ཁག”ཅེས་པའི་རིན་མེད་ཞབས་ཞུའི་རུ་ཁག

ཚེ་རིང་བསོད་ནམས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་རིན་གོང་སྒོར་5100ཟིན་པའི་ལྷ་འགོ་གྲོང་ཚོའི་ནས་ཕྱེའི་ཀ་ར་གོ་རེ་ཚང་མ་བཙོང་ཚར་བ་དང་། བོད་སྤོས་དང་། པད་ཁའི་སྣུམ། ཞོག་ཁོག མོག་རོ་བཅས་དབུལ་སྐྱོར་གཅེས་སེམས་སྒོ་རྩིས་ཚོང་ཁང་དུ་བཞག་རྗེས་ཚོང་ཧ་ཅང་བྲིན་པོ་ཡོད་ཅེས་བརྗོད་བྱུང་།

  • 顶 0