ཁ་སང་གི་གནས་ཚུལ་འདི་འདྲ་རེད།

2020-03-12
0

ཁ་སང་གི་གནས་ཚུལ་འདི་འདྲ་རེད།

སྤྱི་ཟླ3པའི་ཚེས11ཉིན་ལ། རང་ཁུལ་གྱི་ཏོག་གསར་གློ་ཚད་ཀྱི་ནད་པ3ནད་དྲག་སྟེ་སྨན་ཁང་ལས་ཕྱིར་བུད་ཡོད་པ་རེད། ཁུལ་ཡོངས་ལ་ཏོག་གསར་གློ་ཚད་ཀྱི་ནད་པ་78ཡོད་པ་གཏན་ཁེལ་བྱས་པའི་ཁྲོད་དུ་ནད་པ74དྲག་ནས་སྨན་ཁང་ལས་ཕྱིར་བུད་ཡོད་པས་ནད་དྲག་ཚད་གྱི་མི་གྲངས་དེ94.8%ཟིན་ཡོད་པ་རེད། མིག་སྔར་གཏན་ཁེལ་ནད་པ4ད་རུང་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད་པ་རེད།

དེ་རིང་སྨན་ཁང་ལས་བུད་པའི་ནད་པ་དག་གི་གནས་ཚུལ།

བུད་མེད་ལན་ཆེ་གེ་མོ་ནི་རྟའུ་རྫོང་གི་མི་རེད། ལོ65རེད། སྤྱི་ཟླ2པའི་ཚེས10ཉིན་ཏོག་གསར་གློ་ཚད་ནད་པ་ཡིན་པ་གཏན་ཁེལ་བྱས་རྗེས་གནས་ས་གཏན་ཁེལ་དུ་ཟུར་བཀར་སྨན་བཅོས་བྱས།

སྐྱེས་པ་དབྱིང་ཆེ་གེ་མོ་ནི་རྟའུ་རྫོང་གི་མི་རེད། ལོ51རེད། སྤྱི་ཟླ2པའི་ཚེས16ཉིན་ཏོག་གསར་གློ་ཚད་ནད་པ་ཡིན་པ་གཏན་ཁེལ་བྱས་རྗེས་གནས་ས་གཏན་ཁེལ་དུ་ཟུར་བཀར་སྨན་བཅོས་བྱས།

བུད་མེད་ཆོས་ཆེ་གེ་མོ་ནི་རྟའུ་རྫོང་གི་མི་རེད། ལོ53རེད། སྤྱི་ཟླ2པའི་ཚེས18ཉིན་ཏོག་གསར་གློ་ཚད་ནད་པ་ཡིན་པ་གཏན་ཁེལ་བྱས་རྗེས་གནས་ས་གཏན་ཁེལ་དུ་ཟུར་བཀར་སྨན་བཅོས་བྱས།

  • 顶 0