གཟི་རྩ་སྡེ་དགུ་རྫོང་གི་འགྲིམ་འགྲུལ་འཕེལ་རྒྱས་སྐོར་གྱི་ཟུར་བྲིས། འཕེལ་ཞིང་རྒྱས་པའི་ལམ་བུ་བསྐྲུན་ནས། དུས་རབས་གསར་པའི་ཕུགས་འདུན་མངོན་དུ་གྱུར།

2019-11-04
0

༡.jpg

 ཉེ་སྔོན། གསར་འགོད་པས་གཟི་རྩ་སྡེ་དགུ་རྫོང་གི་རྒྱལ་ཁབ་དང་ཞིང་ཆེན་གྱི་གཞུང་ལམ་གྱི་འགྱུར་ལྡོག་གསར་པར་སླར་ཡང་མྱོང་ཚོར་ཟབ་མོ་སྐྱེས་བྱུང་། གྲོང་གསེབ་གཞུང་ལམ་དྲ་བ་འཛུགས་སྐྲུན་འཕེལ་རྒྱས་ཀྱི་གོམ་སྟབས་མགྱོགས་པོ་ཉམས་སུ་མྱངས། གྲོང་ཁྱེར་དུ་ཤར་གཏོང་ཐུབ་པ་དང་གྲོང་གསེབ་དང་སྦྲེལ་བའི་གཞུང་ལམ་རེ་རེ། ལ་དང་ལུང་བ་བརྒལ་བའི་ཕུག་ལམ་རེ་རེ། ཆུ་བརྒལ་ནས་གྲོག་རོང་སྦྲེལ་བའི་ཟམ་པ་རེ་རེ་ལས། གཟི་རྩ་སྡེ་དགུ་རྫོང་གི་གནོད་རྗེས་འགྲིམ་འགྲུལ་སླར་གསོ་བསྐྱར་སྐྲུན་ཐད་ཀྱི་མཛེས་ཤིང་སྡུག་པའི་ལྗོངས་རྣམ་བདེན་དཔང་ཐུབ་ཡོད་པ་མ་ཟད། ལྷག་ཏུ་རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱི་ཕྱུག་འགྱུར་འབབ་འཕར་ཐབས་ལམ་ཡང་རྒྱ་ཆེར་བཏང་ཡོད།

ས་ལམ་ནས་བྱེ་རྡོའི་ལམ་དང་ཨར་འདམ་ལམ། དེ་ནས་ཁོད་ཡངས་པའི་སྣུམ་ལམ། ཤར་བགྲོད་ཐུབ་པའི་མྱུར་བགྲོད་ལམ། བཀྲག་མདངས་འཚེར་བའི་བར་སྣང་ལྕགས་ལམ་སོགས་དུས་དང་རྣམ་པ་ཀུན་ཏུ་འབྱུང་བཞིན་པའི་འགྲིམ་འགྲུལ་འཕོ་འགྱུར་གྱིས་སྔོན་ཆད་ཀྱི་མི་སྲིད་པ་དེ་སྲིད་པར་གྱུར་ལ། དེ་ནི་ཉིན་རེར་བཞིན་འགྱུར་ལྡོག་འབྱུང་བཞིན་པའི་གཟི་རྩ་སྡེ་དགུའི་འགྲིམ་འགྲུལ་ཆེན་མོ་རེད།

༢.jpg

ལམ་ཡག་སོང་། ད་ནས་རི་རྩེ་མཐོ་མི་སྲིད་ལ་ལམ་ཐག་ཀྱང་རིང་མི་སྲིད།

ཉིན་ཤས་གོང་། གསར་འགོད་པ་སི་ཁྲོན་གཟི་རྩ་སྡེ་དགུའི་K10+60ཨར་ལས་ལམ་མཚམས་སུ་བསྐྱོད་སྐབས། ཉི་ཟེར་དྲག་པོའི་འོག ཨར་ལས་པ་རྣམས་ལས་ལ་བྲེལ་ཞིང་། འཕྲུལ་ཆས་ཆེ་གྲས་བཅུ་ཕྲག་ཁ་ཤས་ཕར་འགྲོ་ཚུར་འོང་བྱེད་བཞིན་ཡོད་དེ། ཡུལ་དངོས་སུ་བྲེལ་འཚུབ་ཀྱི་རྣམ་པས་ཁེངས་འདུག

ང་ཚོས་མགྱོགས་མྱུར་ངང་ལས་བསྒྲུབ་བྱས་ནས་བགྲོད་ལམ་སྔ་ཙམ་ནས་ཤར་གཏོང་ཐུབ་པར་འགན་ལེན་ཅི་ཐུབ་བྱེད་བཞིན་ཡོད། གཟི་རྩ་སྡེ་དགུའི་རྫོང་མཁར་ནས་ལུང་མདོ་བར་གྱི་འགོག་ཟོན་ལས་གྲྭ་དང་རྩིག་རྨང་ལས་གྲྭ་གཞི་རྩའི་ཆ་ནས་ལེགས་གྲུབ་ཟིན་ལ། རྩིག་རྨང་དང་རྨང་གདན་སྤྱི་ལེ་24དང་། སྣུམ་ངོས་སྤྱི་ལེ་9བཏིང་ཡོད། སྔོན་དཔག་བྱས་ན། ཟླ་9ཚེས་20ཉིན་ལམ་ངོས་སུ་སྣུམ་གཞི་རྩའི་ཐོག་འདིང་ཚར་རྒྱུ་རེད། མིག་སྔར་མ་དངུལ་སྒོར་དུང་ཕྱུར་12.5བཏང་བ་དང་ལས་གྲྭ་སྤྱིའི་ཆ་ནས་སྐུལ་འདེད་བདེ་བླག་བྱུང་ཡོད། ཅེས་སི་ཁྲོན་གཟི་རྩ་སྡེ་དགུའི་གཞུང་ལམ་བཀོད་འདོམས་པ་གཞོན་པ་ཞུས་ཤན་ཐའོ་ཡིས་དེ་ལྟར་བཤད་བྱུང་།

སི་ཁྲོན་གཟི་རྩ་སྡེ་དགུའི་གཞུང་ལམ་ནི་གཟི་རྩ་སྡེ་དགུ་རྫོང་གྲོང་གི་ནུབ་བྱང་མཚམས་ནས་མགོ་ཚུགས་ཤིང་། ཆུ་དཀར་ཡུལ་ཚོ་དང་གཟི་རྩ་སྡེ་དགུའི་ལུང་མདོ། གཙང་རྩ་གྲོང་རྡལ་བརྒྱུད་དེ་གཙོ་ཚང་རྒུ་གྲོང་རྡལ་དུ་རྫོགས་ཡོད། གཞུང་ལམ་གྱི་སྤྱིའི་རིང་ཚད་སྤྱི་ལེ་123ཡིན་ལ། ལས་གྲྭར་ཁྱོན་མ་དངུལ་སྒོར་དུང་ཕྱུར་33.39བཏང་། མྱུར་ཚད་ཇེ་མགྱོགས་སུ་གཏོང་ཆེད། ལས་གྲྭ་པུའུ་ཡིས་ལས་དོན་མི་སྣར་ལས་བགོས་ཁ་གསལ་བྱས་ལ། གསར་འགོད་པས་ལས་ཡུལ་དངོས་སུ་ལམ་ངོས་ཁག་ཅིག་ལེགས་གྲུབ་ཟིན་ནས་བཀོལ་སྤྱོད་གཏོང་བཞིན་པ་མཐོང་བྱུང་།

བསམ་ཡུལ་ལས་འདས་པ་ཞིག་ལ། སྒོ་འགྲམ་དུ་འདི་འདྲའི་ལམ་ཁོད་ཡངས་ཤིག་བསྐྲུན་ཐུབ་པ་མ་འདོད། ལམ་ལས་ཚར་རྗེས། ང་ཚོ་རྫོང་མཁར་དུ་འགྲོ་ན་སྐར་མ་ཁ་ཤས་ལས་མི་དགོས།  ཞེས་ལོ་70ལྷག་ལ་སླེབས་པའི་ཆུ་དཀར་ཡུལ་ཚོའི་ཚོ་མི་ཨ་ནེ་ཝང་གིས་གཟི་རྩ་སྡེ་དགུ་རྫོང་གི་འགྲིམ་འགྲུལ་འཕོ་འགྱུར་ལ་བདེན་དཔང་བྱས་ཡོད།

ལོ་རྒྱུས་ལ་ཕྱིར་དྲན་བྱས་ན། གཟི་རྩ་སྡེ་དགུའི་འགྲིམ་འགྲུལ་འཕེལ་རྒྱས་ཀྱི་ལོ་ཟླའི་རྗེས་ཤུལ་གྱིས་མི་རྣམས་ལ་མྱོང་ཚོར་ཟབ་མོ་སྐྱེས་སུ་བཅུག 1958ལོར། ནན་ཟུང་གཞུང་ལམ་(ནན་ཕིང་ནས་ཟུང་ཆུ)ནི་ནན་ཕིང་རྫོང་གི་ཞིང་ཆེན་རིམ་པའི་གཞུང་ལམ་ཁོ་ན་ཡིན། ད་ཆ། གཙོ་ཚང་རྒུ་ནས་གཟི་རྩ་སྡེ་དགུ་བར་གྱི་ལམ་དང་། གཟི་རྩ་སྡེ་དགུ་ནས་མེན་དབྱང་བར་གྱི་མྱུར་ལམ། གཟི་རྩ་སྡེ་དགུ་ནས་མཛོད་དགེ་བར་གྱི་གཞུང་ལམ། གཙང་རྩ་ནས་སྟག་ལོ་བར་གྱི་མྱུར་ལམ་སོགས་གཙོ་གནད་འགྲིམ་འགྲུལ་རྣམ་གྲངས་གཅིག་རྗེས་གཉིས་མཐུད་ངང་ལས་མགོ་ཚུགས་ཤིང་། ཁྱོན་མ་དངུལ་སྒོར་དུང་ཕྱུར་150ཙམ་བཏང་བ། སྤྱི་སྤྱོད་མཁའ་འགྲུལ་དང་འགྲིམ་འགྲུལ་ལས་གྲྭའི་ཚད་བརྒལ་ཆེན་པོ་ལོན་ཡོད། དེ་དང་ཆབས་ཅིག རྫོང་འདིའི་ད་དུང་སྔ་རྗེས་སུ་སྡེ་ལམ་རིམ་སྤར་སྒྱུར་བཀོད་ལས་གྲྭ་ཁག་ཅིག་ལག་ལེན་བསྟར་ནས། ཞིང་ཆེན་ཡོངས་ཀྱི་སྡེ་ལམ་ཡག་པོ་བཞིའི་དཔེ་སྟོན་རྫོང་ཧུར་ཐག་གིས་བཏོད་དེ། ཕྱི་ཕྱོགས་སུ་ཤར་གཏོང་ཐུབ་པ་དང་ནང་ཁུལ་དུ་ཤར་གཏོང་ཐུབ་པའི་ཕྱོགས་མང་ཕྱོགས་བསྡུས་འགྲིམ་འགྲུལ་མ་ལག་ཆགས་ཡོད།

༣.jpg

ལམ་བཟང་བྱུང་བས་ཐོན་ལས་དར་བྱུང་ལ་མང་ཚོགས་ཀྱང་ཕྱུག་པོར་གྱུར།

ཡུང་ཧྥེང་ཡུལ་ཚོ་རུ་བསྐྱོད་སྐབས་གསར་དུ་བསྐྲུན་པའི་གཞུང་ལམ་གྱིས་སྡེ་མི་རྣམས་ལ་སྟབས་བདེ་བསྐྲུན་ཡོད། ལམ་དེ་བསྐྲུན་རྗེས་ང་ཚོ་ཕྱིར་འགྲིམས་རྒྱུར་སྟབས་བདེ་བསྐྲུན་པ་མ་ཟད། ལྷག་ཏུ་སྡེ་གྲོང་གི་འབྱུང་འགྱུར་གྱི་འཕེལ་རྒྱས་ལ་རྨང་གཞི་བཏིང་། ལམ་ལས་པའི་སྐོར་གླེང་སྐབས། ཏ་ཀྲའེ་སྡེ་བའི་སྡེ་མི་བང་ཧྥུའུ་དབྱིན་གྱིས་ཚིག་སྣེ་བསླང་དོན། ལམ་ལས་ཚར་རྗེས། སྡེ་བའི་སྤྲོ་སྐྱིད་གླིང་གི་མགྲོན་པོ་ཉིན་རྒྱུན་ལས་ལྡབ་གཅིག་ཇེ་མང་དུ་སོང་།

སྔོན་ཆད་བགྲོད་ལམ་སྡེ་དཀྱིལ་དུ་ཡོད་པ་དང་། རླངས་འཁོར་སྡེ་དཀྱིལ་ནས་བགྲོད་དགོས་ལ། བདེ་འཇགས་མིན་ལ་ལམ་ཁ་འཚང་། ད་སྐབས་བཟང་སོང་། ལམ་སོ་མ་ཤར་གཏོང་ཐུབ་བྱུང་། ལམ་འགྲུབ་པའི་དགུང་མོ་དེར། སྡེ་མི་ཚོས་གླུ་ལེན་གར་རྩེད་བྱས། ད་ཆ་ཚང་མས་ལམ་དེ་ལ་དྲིན་ཚོར་ལམ་ཞེས་འབོད་ཀྱིན་ཡོད། ཅེས་སྡེ་མི་དབྱང་ཀྲི་ཧྭ་ཡི་དྲིན་གཟོའི་གཏམ་ལ་བཤད་ཚར་རྒྱུ་མེད།

གཟི་རྩ་སྡེ་དགུ་དང་མཛོད་དགེའི་བར་གྱི་ཨར་ལས་བྱ་ཡུལ་དུ། ལས་གྲྭ་འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་བཏང་ཡོད། ལམ་རྨང་ཡངས་པོ་ཉིན་རེར་བཞིན་འདིང་བཞིན་པ་མཐོང་སྐབས། འགྲམ་ལོགས་གཉིས་སུ་འཚོ་བའི་སྡེ་དམངས་ཀྱིས་མ་འོངས་པའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་ལ་ཇུས་འགོད་བྱས་བྱུང་།

ཧེ་ཧོ་ཡུལ་ཚོ་ཐོའུ་ཏའོ་ཁྲེང་སྡེ་བའི་སྡེ་མི་ཁྲེན་ཞུའེ་དབྱིང་ཚང་གི་རྒུན་འབྲུམ་འདེབས་འཛུགས་རྟེན་གཞི་གཞུང་ལམ་འགྲམ་དུ་ཡོད། ན་ནིང་རྒུན་འབྲུམ་གྱི་འབྲས་བུ་མུའུ་གཉིས་ལས་བཏབ་མེད། ལམ་ལས་ཚར་རྗེས། འདེབས་འཛུགས་ཀྱི་རྒྱ་ཁྱོན་ཇེ་ཆེར་གཏང་རྒྱུ་ཡིན། ཞེས་ཁྲེན་ཞུའེ་དབྱིང་གིས་དགའ་སྤྲོའི་ངང་བཤད་བྱུང་།

གཟི་རྩ་སྡེ་དགུ་རྫོང་དུ་འགྲིམ་འགྲུལ་འཛུགས་སྐྲུན་གྱི་ཁེ་སྤོགས་ལོངས་སུ་སྤྱད་ནས་ཕྱུག་འགྱུར་ལམ་བུའི་ཐོག་བསྐྱོད་པའི་དཔེ་མཚོན་ད་དུང་ཧ་ཅང་མང་པོ་ཡོད། དེང་སང་། འགྲིམ་འགྲུལ་འཕེལ་རྒྱས་ལས་གཟི་རྩ་སྡེ་དགུའི་ས་གཞི་ཆེ་མོར་གསོན་ཤུགས་གསར་པ་འཕེལ་བ་དང་མི་རིགས་ཁག་གི་བུ་ཕྲུག་ཕྱུག་འགྱུར་གྱི་གོམ་སྟབས་སྔར་བས་སྲ་བརྟན་ནུས་ལྡན་ཡིན།

དུས་རབས་གསར་པར་བྱས་རྗེས་གསར་པ་མངོན་པ་དང་ལས་འགན་གསར་པས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་བཏོད་ཡོད། ལོ་རྒྱུས་ཀྱི་མགོ་འཛུགས་ས་གསར་པའི་ཐོག་ལངས་ཏེ་གཟི་རྩ་སྡེ་དགུ་རྫོང་གི་འགྲིམ་འགྲུལ་ཐད་སླར་ཡང་འཆར་གཞི་ཆེན་པོ་བཏོན་ནས་བློ་གྲོས་དང་། ཤེས་དཔལ། མཛེས་སྡུག བདེ་སྐྱིད་བཅས་ཀྱི་གཟི་རྩ་སྡེ་དགུ་བསྐྲུན་རྒྱུར་སྲ་ཞིང་བརྟན་པའི་འཕུར་ལམ་ཞིག་འདིང་བའོ།

  • 顶 0