གྲོགས་བཟང་ཡེ་ཚེ།

2019-11-01
0

བདུད་ཀྱི་ས་བོན་སྣ་དུད་དང་།།  སྨྱོས་བྱེད་ཆང་དང་ཤོ་བག་རིགས།།

དོན་མེད་རྒྱ་གྲོང་ཉུལ་བ་སོགས།།  གྲོགས་བཟང་ཁྱེད་ལ་མི་གོས་ཏེ།།

ཐོས་རྟགས་ཞི་ཞིང་དུལ་བ་དང་།། སྒོམ་རྟགས་ཉོན་མོངས་མེད་པས་ཡིན།།

ད་ནི་ཐོས་དོན་ནོར་བུའི་ཕྲེང་།། ཕོངས་མེད་གངས་ཕྲུག་ལས་ལྡན་ཚོར།།

རབ་སྦྱིན་ཚུལ་འདིས་བདག་གི་སེམས།། སྔར་བས་ཡི་རངས་སྐྱེ་བ་དང་།།

ང་ལའང་གྲོགས་མཆོག་དམ་པ་ཞིག། ཡོད་བསམ་ང་རྒྱལ་སྐྱེ་ཅིང་ཡོད།།

ནམ་ཡང་ཞི་འཇམ་ལྡན་པ་ཁྱེད།། མིག་དཔེ་བལྟ་བའི་ཡུལ་ཡིན་ལ།།

སློབ་སྦྱོང་བྱ་བའི་གཞི་ཡང་ཡིན།། འདི་འདྲའི་ཚུལ་ཀྱིས་བསྟོད་ལགས་ཀྱི།།

ཐོབ་དང་ཤོག་དངུལ་མང་བས་མིན།། ཇི་སྲིད་ཡོན་ཏན་འདི་དག་ལྡན།།

དེ་སྲིད་བདག་གི་བསྟོད་པའང་།།  ཆད་པར་མེད་དོ་བློས་ཐུབ་ཡེ།།

དེང་དུས་སྐྱེ་བོ་མི་ཤེས་ཏེ།།   སྔོན་བྱོན་སྐྱེས་བུས་འདི་འདྲའི་ཚུལ།།

བསྟོད་ན་བདག་ཀྱང་རྗེས་ཞུགས་ནས།། བསྟོད་ཚིག་པད་དཀར་ནམ་མཁར་བསྒྲེངས།།

  • 顶 0