མི་རིགས་མཐུན་སྒྲིལ་ནི“མདོག་གསུམ་པད་མ”ཡི་གསེར་གྱི་ལྡེ་མིག་ལྟ་བུར་གྱུར་པ།

2019-09-20
0

༡.jpg

 ཉེ་བའི་ལོ་འགའི་རིང་ལ། པད་མ་རྫོང་གིས“མི་རིགས་མཐུན་སྒྲིལ+”གྱི་ཁྱད་ལྡན་ཆས་རྟགས་ཧུར་ཐག་གིས་སྐྲུན་པ་དང་། མི་རིགས་མཐུན་སྒྲིལ+གཞི་རིམ་ཏང་གི་འཛུགས་སྐྲུན་དང་། སྐྱེ་ཁམས་བདག་སྲུང་། གནད་ཁེལ་དབུལ་སྐྱོར། སྤྱི་ཚོགས་བརྟན་བརླིང་དང་བསམ་པའི་དཔལ་ཡོན་སོགས་གཙོ་གནད་དུ་བཟུང་བའི་མི་རིགས་མཐུན་སྒྲིལ་གསར་འཛུགས་ཀྱི་ཁྱད་ཆོས་གཞིར་བྱས་ཏེ། ལས་ཁུངས་སོ་སོའི་ཞང་དང་གྲོང་རྡལ་གྱི་སྡེ་ཁག་གིས་མི་རིགས་མཐུན་སྒྲིལ་དྲིལ་སྒྲོག་སློབ་གསོ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་བྱ་འགུལ་སྣ་ཚོགས་གཏིང་ཟབ་ཏུ་སྤེལ་ནས། དམངས་ཕན་བཟོ་འགོད་ལ་སྐུལ་འདེད་ཤུགས་ཆེན་བཏང་ཞིང་། རིགས་སོ་སོའི་མང་ཚོགས་ཀྱིས་དམངས་ཕན་ཁེ་འབབ་མཉམ་རོལ་བྱས་ནས། ཐོབ་སྣང་དང་སྐྱིད་སྣང་རྒྱུན་ཆད་མེད་པར་ཇེ་མཐོར་སོང་བ་དང་། “སྐར་ལྔ་རིམ་པའི་དཔལ་ཡོན་ཁྱིམ་ཚང”དང“པད་མའི་ཆེས་མཛེས་པའི་མི”སོགས་དཔྱད་བསྡུར་འདེམས་བསྐོ་བྱས་ཤིང་གཟེངས་རྟགས་གནང་ཞིང་། བྱེད་ཐབས་རབས་དང་རིམ་པ་བརྒྱུད་ནས། རྫོང་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་གྱི་མཁའ་དབུགས་སྔར་ལས་སྟུག་ཅིང་། མི་རིགས་སོ་སོའི་བར་གྱི་འབྲེལ་འདྲིས་དང་བརྗེ་རེས། མཉམ་འདྲེས་སྔར་ལས་ཇེ་ཟབ་ཏུ་གྱུར་ཏེ། རིམ་གྱིས་པད་མ་ཡུན་རིང་བདེ་འགོད་ཡོང་བར་སྐུལ་འདེད་བྱེད་པའི་ནུས་ཤུགས་གལ་ཆེན་དུ་གྲུབ།

  • 顶 0