བདེ་ཆེན་ཁུལ་གྱིས་རྒྱལ་སྟོན་དུས་ཆེན་ལ་ཡུལ་སྐོར་རིག་གནས་སྐོར་གྱི་བྱ་འགུལ་རབ་དང་རིམ་པ་སྤེལ་རྒྱུ་རེད།

2019-09-19
0

1.jpg

གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་ཡུལ་དངོས།

འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་བཅུ་གཅིག་རྒྱལ་སྟོན་དུས་ཆེན་གྱི་རིག་གནས་གཟའ་འཁོར་བྱ་འགུལ་དང་སྐབས་དང་པོའི་སྟག་མཆོང་འགག་ཧ་པ་གངས་རིའི་རྒྱལ་སྤྱིའི་བྱེས་བགྲོད་འགྲན་བསྡུར་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཟླ9བའི་ཚེས16ཉིན་ཁུན་མིང་གྲོང་ཁྱེར་ནས་ཚོགས་པ་རེད།

4.jpg

སེམས་ཀྱི་ཉི་ཟླའི་སྟོན་ཁའི་མཛེས་ལྗོངས།

རྒྱུས་ལོན་བྱས་པ་ལྟར་ན། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ལ་ལྟ་སྐོར་དུ་ཡོང་བའི་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་པ་རྣམས་ཀྱིས་བདེ་ཆེན་གྱི་ཐུན་མོང་མ་ཡིན་པའི་མི་རིགས་རིག་གནས་དང་སྣ་མང་ཅན་གྱི་མི་རིགས་ཡུལ་སྲོལ་གོམས་གཤིས་ཉམས་སུ་མྱོང་བ་དང་། རིག་གནས་དང་ཡུལ་སྐོར་གཏིང་ཟབ་ངང་མཉམ་འདྲེས་བྱེད་པའི་ཆེད། བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས་བཅུ་གཅིག་རྒྱལ་སྟོན་དུས་ཆེན་གྱི་སྐབས་སུ་འཁྲབ་སྟོན་སྣ་ཚོགས་དང་། དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་འགྲེམས་སྟོན། དམངས་སྲོལ་མཉམ་འགུལ་རོལ་མྱོང་སོགས་ཀྱི་བྱ་འགུལ་རབ་དང་རིམ་པ་སྤེལ་རྒྱུ་དང་། ཆབས་ཅིག་ཏུ་ཟླ10བའི་ཚེས27ཉིན་སྐབས་དང་པོའི་སྟག་མཆོང་འགག་ཧ་པ་གངས་རིའི་རྒྱལ་སྤྱིའི་བྱེས་བགྲོད་འགྲན་བསྡུར་སྤེལ་རྒྱུ་རེད།

2.jpg

སེམས་ཀྱི་ཉི་ཟླའི་སྟོན་ཁའི་མཛེས་ལྗོངས།

བདེ་ཆེན་ཁུལ་རིག་གནས་དང་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་ལུའུ་ཀྲི་ཅིན་གྱིས། ལོ་མང་པོར་ཧུར་བརྩོན་བྱས་པ་བརྒྱུད་དེ་བདེ་ཆེན་ཁུལ་གྱིས་ཡིད་དུ་འོང་བའི་རང་བྱུང་མཛེས་ལྗོངས་དང་མི་རིགས་རིག་གནས་འདེགས་སྐྱོར་དུ་བྱས་པ་དང་། འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་ཟོང་རྟགས་ལ་བརྟེན་ནས་ཡུལ་སྐོར་ལས་རིགས་ཐད་འཕེལ་རྒྱས་ཆེན་པོ་བྱུང་བ་རེད། ད་ལོའི་ཟླ1-8པའི་བར་བདེ་ཆེན་ཁུལ་གྱིས་བསྡོམས་པས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་པ་མི་ཐེངས་ཁྲི995.1སྣེ་ལེན་བྱས་ཤིང་། ལོ་གོང་མའི་དུས་མཚུངས་ལས4.27%འཕར་བ་དང་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར113.28ཟིན་ནས་དུས་མཚུངས་ལས8.83%འཕར་ཡོད་པ་རེད་ཅེས་བཤད།

3.jpg

རེ་ལྕག་མེ་ཏོག་གང་སར་བཞད་པ།

ཟླ་བཅུ་པའི་སེམས་ཀྱི་ཉི་ཟླའི་སྟོན་ཁའི་ནམ་ཟླ་དྭངས་ཤིང་བསིལ་ལ། རེ་ལྕག་མེ་ཏོག་གང་སར་བཞད་པ་དང་། གྲོ་ནས་ཡང་སྨིན་ཡོད་པས་ས་དེའི་ཆེས་མཛེས་པའི་དུས་ཚིགས་ཡིན།

རྒྱུས་ལོན་བྱུང་བ་ལྟར་ན།  ཐེངས་འདིར་སྤྱི་ལེ25དང་སྤྱི་ལེ50བྱེས་བགྲོད་འགྲན་བསྡུར་རིགས་གཉིས་སྒྲིག་བཀོད་བྱས་ཡོད་པ་དང་། སྟག་མཆོང་འགག་ནས་རྐང་ཐང་དུ་བགྲོད་པ་རྨང་གཞིར་བཟུང་སྟེ་ཧ་པ་གངས་རིར་བསྲིངས་པ་དང་།  ལམ་ཐིག་དེའི་ཡུལ་ལྗོངས་ལྟ་ན་སྡུག་པ་མ་ཟད། ཕྱོགས་གཞན་ཞིག་ནས་སྟག་མཆོང་འགག་དང་འབྲི་ཆུ། གཡུ་ལུང་གངས་རི་བཅས་ཚང་མ་མིག་ལམ་དུ་འཆར་ཐུབ་པ་མ་ཟད། སྤང་ལྗོངས་ནས་ནགས་ཚལ། དེ་ནས་གངས་རི་བཅས་ཀྱི་ས་དབྱིབས་སྣ་ཚོགས་ལ་རོལ་མྱོང་གང་ལེགས་བྱེད་ཐུབ། 

  • 顶 0