དཀར་མཛེས་རྫོང་གེ་སར་རྒྱལ་པོའི་མཁར་གྱི་གྲུབ་སྟོན།

2019-09-16
0

དཀར་མཛེས་རྫོང་གེ་སར་རྒྱལ་པོའི་མཁར་གྱི་གྲུབ་སྟོན།

དཀར་མཛེས་རྫོང་གེ་སར་རྒྱལ་པོའི་མཁར་གྱི་གྲུབ་སྟོན།

སྤྱི་ཟླ9པའི་ཚེས16ཉིན།  དཀར་མཛེས་རྫོང་གི་ལོ་རྒྱུས་སྙན་ངག་རྒྱུད་འཛིན་བྱེད་པ་དང་རྫོགས་ལྡན་དུས་བཟང་མྱོང་རོལ་བྱེད་པ། ཀྲུང་གོ་གསར་པའི་འཁྲུངས་སྐར་ལ་ལེགས་སྐྱེས་འབུལ་བ་ཞེས་པས་གཙོ་དོན་བྱས་པའི་གེ་སར་རྒྱལ་པོའི་མཁར་སྒོ་ཕྱེ་ནས་ཡུལ་སྐོར་ཚོང་གཉེར་བྱེད་པ་དང་ཀྲུང་གོ་དཀར་མཛེས་ཀྱི་འབྲུག་མོའི་སྟོན་བསུ་དུས་ཆེན་སྐབས་གཉིས་པའི་མང་ཚོགས་རིག་རྩལ་བྱེད་སྒོ་དེ་དཀར་མཛེས་རྫོང་དུ་སྤེལ་བ་རེད།

དཀར་མཛེས་རྫོང་གེ་སར་རྒྱལ་པོའི་མཁར་གྱི་གྲུབ་སྟོན།དཀར་མཛེས་རྫོང་གེ་སར་རྒྱལ་པོའི་མཁར་གྱི་གྲུབ་སྟོན།དཀར་མཛེས་རྫོང་གེ་སར་རྒྱལ་པོའི་མཁར་གྱི་གྲུབ་སྟོན།དཀར་མཛེས་རྫོང་གེ་སར་རྒྱལ་པོའི་མཁར་གྱི་གྲུབ་སྟོན།

ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་བྱེད་སྒོའི་དུས་ཡུན་ནི་ཉིན་བཞི་ཡིན་ཞིང་།  ཚེས16ཉིན་ལ་དཀར་མཛེས་རྫོང་གེ་སར་རྒྱལ་པོའི་མཁར་སྒོ་འབྱེད་པའི་མཛད་སྒོ་དང་།  གེ་སར་རྒྱལ་པོའི་མཁར་སྐོར་བ།   འགོ་ཚུགས་མཛད་སྒོའི་རིག་རྩལ་ལྷན་འཁྲབ།  ལོ་རྒྱུས་སྙན་ངག་རྒྱུད་འཛིན་བྱེད་པ་དང་རྫོགས་ལྡན་དུས་བཟང་མྱོང་རོལ་བྱེད་པ། དཀར་མཛེས་སུ་ཡོད་པའི་གེ་སར་རྒྱལ་པོའི་རིག་གནས་ཞེས་པའི་གཙོ་དོན་ཆེད་རམས་པའི་བགྲོ་གླེང་གྲོས་ཚོགས།  གེ་སར་རྒྱལ་པོའི་བཟའ་བཏུང་རིག་གནས་འགྲེམས་སྟོན།  ང་དང་ངའི་མེས་རྒྱལ་ཞེས་པའི་གླུ་དབྱངས་འཁྱུག་ལེན་བཅས་ཀྱི་བྱེད་སྒོ་སྤེལ་བ་དང་། ཚེས17ཉིན་ལ་གེ་སར་རྒྱལ་པོའི་མཁར་དུ་འཛོམས་ནས་འབྲུག་མོ་འཚོལ་བ་ཞེས་པའི་མཛེས་འདེམས་ཕྱེད་འགྲན་དང་རྟིང་འགྲན། མེ་ཏོག་འགྲེམ་སྟོན་སྐབས་གསུམ་པ་བཅས་ཀྱི་བྱེད་སྒོ་སྤེལ་རྒྱུ།  ཚེས18ཉིན་ལ་རྒྱལ་སྲུང་གཞུང་ལམ317སྐོར་རྒྱུག་དང་བོད་ཀྱི་ཟློས་གར་འཁྲབ་སྟོན། དཀར་མཛེས་རྫོང་གི་རྔམ་བརྗིད་ལྡན་པའི་ལོ་ངོ་བདུན་ཅུ་དང་འབད་ཐབས་བྱེད་པའི་དུས་རབས་གསར་པ་ཞེས་པའི་མང་ཚོགས་རིག་རྩལ་ལྷན་འཁྲབ་བཅས་ཀྱི་བྱེད་སྒོ་སྤེལ་རྒྱུ།  ཚེས19ཉིན་ལ་གེ་སར་རྒྱལ་པོའི་དཔའ་ཐུལ་བཅུ་གསུམ་གྱི་མཁར་རྫོང་སྐོར་བ་དང་དཀར་མཛེས་རྫོང་འབྲུག་མོའི་སྟོན་བསུ་དུས་ཆེན་སྐབས་གཉིས་པའི་འགྲོས་རྒྱུག  དཀར་མཛེས་རྫོང་གེ་སར་རྒྱལ་པོའི་དྲྭ་ཐོག་གསར་འདོན་བྱེད་སེམས་ཡོད་པའི་བརྩམས་ཆོས་འགྲེམས་སྟོན།  དཀར་མཛེས་རྫོང་གི་ཡུལ་ཤོག་དང་གྲོང་རྡལ་གྱི་དབུལ་སྐྱོར་ཐོན་རྫས་འགྲེམས་ཚོང་བྱེད་སྒོ་བཅས་སྤེལ་རྒྱུ་རེད།

དཀར་མཛེས་རྫོང་གེ་སར་རྒྱལ་པོའི་མཁར་གྱི་གྲུབ་སྟོན།དཀར་མཛེས་རྫོང་གེ་སར་རྒྱལ་པོའི་མཁར་གྱི་གྲུབ་སྟོན།

  • 顶 0